དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-23

    569639_yis_1542865054500.jpg

    འདི་ནི་ལྷ་ས་སློབ་འབྲིང་བདུན་པའི་དགེ་རྒན་གྱིས་སློབ་མར་སློབ་ཚན་གསབ་ཁྲིད་བྱེད་བཞིན་པ།

    ལོ་40རིང་། རང་ལྗོངས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད། 2010ལོར་རང་ལྗོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་ཚང་མར་ཁྱབ་པ་དང་གཞོན་ནུ་དང་དར་མའི་ཡིག་རྨོངས་ཚད་གཞི་1.2%བར་ཆག་ཡོད། 2012ལོར་རང་ལྗོངས་ཀྱིས་རྫོང་ཁོངས་སུ་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་འགོ་ཚུགས་ནས“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གྲུབ་འབྲས་ལེགས་པོ་དེ་དག་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་གནང་བའི་དམིགས་བསལ་ཐུགས་ཁུར་གང་ལེགས་མཚོན་ལ་སློབ་ཁྲིད་ཐོག་ཁང་སྟར་པ་རེ་རེ་ལས་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་སློབ་གསོ་འདི་ཉིད་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་བརྟན་པོར་སྲུང་བ་དང་འབད་བརྩོན་བྱེད་པ་མཚོན་གྱི་ཡོད།

    སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཕྲུ་གུ་ཚང་མར་འདྲ་མཉམ་སློབ་གསོ་ཐོབ་པ་བྱས་པ།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས“སློབ་གསོར་མཁས་པའི་ཆབ་སྲིད་མཁས་ཅན་དང་ཆབ་སྲིད་ལ་མཁས་པའི་སློབ་གསོ་མཁས་ཅན་གྱིས་སློབ་གསོ་གཉེར་བའི”འདུ་ཤེས་བཏོན་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་སྔར་བས་གཏན་འཁེལ་བྱས་པ་དང་། སློབ་གསོ་འདི་ཉིད་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩི་བ། སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཕྲུ་གུ་མི་རེ་ངོ་རེས་འདྲ་མཉམ་སློབ་གསོ་དང་ལེན་དང་སློབ་གསོ་འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད།

    “ང་སློབ་གྲྭར་འགྲོ་རྒྱུར་དགའ་པོ་ཡོད། སློབ་གྲྭའི་ནང་ཤེས་བྱ་གསར་པ་མང་པོ་ཤེས་ཀྱི་འདུག ངས་དགའ་ཤོས་བྱེད་པ་ནི་རོལ་དབྱངས་སློབ་ཚན་དང་གློག་ཀླད་སློབ་ཚན་ཡིན། རྒན་ལགས་དང་སློབ་གྲོགས་ཚང་མ་ཧ་ཅང་ཡག་པོ་འདུག”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཆ་ཚང་སློབ་ཆུང་གི་སློབ་མ་ཚེ་རིང་གི་མིག་ལམ་དུ་སློབ་གྲྭ་ནི་དགའ་སྣང་གིས་ཁེངས་པའི་ས་ཆ་ཞིག་ཡིན་པ་རེད།

    གསེར་རྙེད་ཆུས་ཆ་ཚང་སློབ་ཆུང་དེ་1983ལོར་བསྐྲུན་པ་དང་སློབ་གྲྭ་ཐོག་མར་འཛུགས་སྐབས། སློབ་གྲྭའི་སྒྲིག་ཆས་ཆ་ཚང་མེད་ལ་སློབ་གྲྭ་ཡོངས་ལ་འཛིན་གྲྭ་21ཡོད་པ་དང་ཉུང་ཤོས་སྐབས་མི་78དང་མང་ཤོས་སྐབས་མི་126ཡོད་པ་རེད། ལོ་40རིང་སློབ་གྲྭའི་ནང་ཕྱོགས་བསྡུས་ཐོག་ཁང་དང་། དགེ་རྒན་དང་ལས་བཟོའི་ཉལ་ཁང་། གཞུང་དོན་ཁང་། སློབ་ཁྲིད་ཐོག་ཁང་སོགས་རྒྱས་སྐྲུན་བྱས་པ་དང་ད་ཆ་སློབ་གྲྭ་ཡོངས་སུ་འཛིན་གྲྭ་36དང་འཛིན་གྲྭ་རེར་སློབ་མ་55ཡོད་པ་རེད། 

    ནག་ཆུ་ནི་རང་ལྗོངས་ཀྱི་ཆ་རྐྱེན་ཞན་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། གསེར་རྙེད་ཆུས་ཆ་ཚང་སློབ་ཆུང་གི་འགྱུར་ལྡོག་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་40རིང་རང་ལྗོངས་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།

    ལོ་ངོ་40རིང་། རང་ལྗོངས་ཀྱིས་ནོར་སྲིད་མ་དངུལ་འཇོག་པ་དང་། སློབ་གསོའི་བོད་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ཐབས་ལམ་བརྒྱུད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཉལ་ཁང་། ལུས་རྩལ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སློབ་མའི་སྐྱོན་བྲལ་འཚར་ལོངས་ལ་དངོས་པོའི་འགན་ལེན་གང་ལེགས་བྱས་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལས་མངོན་དོན། 1951ལོ་ནས་2000ལོ་བར་སློབ་གསོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་61.23བཏང་བ་དང་། 2001ལོ་ནས་2010ལོ་བར་སློབ་གསོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་346.07བཏང་བ། 2011ལོ་ནས་2015ལོ་བར་སློབ་གསོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་633.9བཏང་བས་རང་ལྗོངས་ཀྱི་སློབ་གསོ་དེང་རབས་ཅན་དུ་ཕྱོགས་པར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།

    སློབ་གསོའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དབུལ་པོས་རྐྱེན་པས་སློབ་མ་གཅིག་ཀྱང་སློབ་མཚམས་ཆད་དུ་མི་འཇུག་པ།

    འདི་ལོ་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་བཀྲ་ཤིས་ཆོས་འཛོམས་ནི་ནག་ཆུའི་འབྲོག་ཁྱིམ་དབུལ་པོ་ཞིག་ཏུ་སྐྱེས། “ང་དང་གཅུང་པོ་གཞུང་གྲོན་སློབ་གསོར(རོགས་སྐྱོར་སྲིད་ཇུས)བརྟེན་ནས་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་དེ་སྔ་རྗེས་སུ་པེ་ཅིང་གི་སློབ་གྲྭ་ཆེ་མོར་ཚུད་བྱུང་། སློབ་གྲྭ་ཆེ་མོ་འགྲིམ་སྐབས་ང་ཚོས་སློབ་སྐྱོར་དངུལ་རེ་ཞུ་བྱས་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་སོང་”ཞེས་ཁོ་མོས་བཤད།

    དབུལ་པོས་རྐྱེན་པས་སློབ་མ་གཅིག་ཀྱང་སློབ་མཚམས་ཆད་དུ་མི་འཇུག་པ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྔམ་བརྗིད་ལྡན་པའི་ཁས་ལེན་རེད།

    མིག་སྔར་རང་ལྗོངས་ཀྱིས་སྔ་རྗེས་སུ་སློབ་མའི་རོགས་སྐྱོར་སྲིད་ཇུས(རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པ)ཁག་40ལག་བསྟར་བྱས་པའི་ནང་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་དཀྱུས་མའི་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། ཞིབ་འཇུག་སློབ་མའི་སློབ་གསོ་སོགས་དུས་མཚམས་ཧྲིལ་པོའི་རོགས་སྐྱོར་སྲིད་ཇུས་དང་དེ་བཞིན་ཕྱོགས་བསྡུས་རིགས་ཀྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་ཚུད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་རིགས་ཁག་གི་སློབ་མའི་རོགས་དངུལ་སྒོར་དུང་ཕྱུར་100.2དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་ཁྲི་704.2ཟིན་ཡོད་པ་རེད།

    2011ལོར་རང་ལྗོངས་ཀྱིས་རྒྱལ་ཡོངས་སུ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི(འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གསོ་ཚུད)ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ལ་ཐོག་མར་ཁྱབ་པ་དང་དུས་མཚུངས། ད་དུང་འོས་འགན་སློབ་གསོའི“འགན་ལེན་གསུམ”(ཟ་མ་དང་། ཞག་སྡོད། གཞི་རྩའི་སློབ་སྦྱོང་གི་འགྲོ་སོང་འགན་ལེན) དེ་བཞིན་སློབ་སྐྱོར་དངུལ་གྱི་སྲིད་ཇུས་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ཞིང་འབྲོག་བུ་ཕྲུག་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་བར་རྒྱ་སྐྱེད་བཏང་བ་རེད། སློབ་མའི་རོགས་སྐྱོར་སྲིད་ཇུས་ལས་ཁྱིམ་ཚང་དབུལ་པོའི་སློབ་མ་མང་པོར་ལས་དབང་སྒྱུར་བའི་གོ་སྐབས་བྱུང་ཡོད།

    སློབ་གསོའི་བོད་སྐྱོར་ལས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་མཚོན་པ།

    གཞིས་རྩེའི་ལས་ཞུགས་དང་སློབ་གསོའི་དཀའ་གནད་གཉིས་ལ་དམིགས་ནས་ཧྲན་ཏུང་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་2750བཏང་ནས་གཞིས་རྩེ་གྲོང་ཁྱེར་ལས་རིགས་རྩལ་ནུས་སྤྱི་པའི་གསོ་སྦྱོང་རྟེན་གཞི་དང་ངམ་རིང་རྫོང་དང་། གཉའ་ལམ་རྫོང་། རྣམ་གླིང་རྫོང་བཅས་ཀྱི་ལས་རིགས་སློབ་གསོ་ལྟེ་གནས་བསྐྲུན་པ་དང་། བོད་རིགས་ས་ཁུལ་གྱི་སློབ་གསོ་སྔོན་དུ་འཕེལ་རྒྱས་བཏང་ཁར་བོད་སྐྱོར་མ་དངུལ་སྒོར་ཁྲི་6886བཏང་ནས་གཞིས་རྩེ་གྲོང་ཁྱེར་དང་། ངམ་རིང་རྫོང་། གཉའ་ལམ་རྫོང་། རྣམ་གླིང་རྫོང་བཅས་ཀྱི་སྐད་གཉིས་བུ་བཅོལ་ཁང་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་ལྕགས་འདམ་ཤང་ཆ་ཚང་སློབ་ཆུང་དང་པ་སྣམ་སློབ་འབྲིང་སོགས་ཀྱི་རྣམ་གྲངས་བསྐྲུན་པ་རེད།

    དེ་ནི་ཧྲན་ཏུང་ཞིང་ཆེན་གྱི་སློབ་གསོའི་བོད་སྐྱོར་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཡིན་ལ་2016ལོ་ནས་བཟུང་། སློབ་གསོ་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་བསྡུས་རིས་དང་མཚོན་ཚུལ་ཞིག་ཀྱང་རེད།

    2016ལོར་འགོ་ཚུགས་པའི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན་ནས་2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་སོགས་ཐད་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.74དོན་འཁྱོལ་དང་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་5400མངགས་པ་རེད།

    མི་རྣམས་ཧ་ལས་པའི་གྲངས་ཀ་རེ་རེ་དང་། སྔར་བྱུང་མྱོང་མེད་པའི་མ་དངུལ་འཇོག་ཐེངས་རེ་རེ། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་རེ་རེ་བཅས་ལས་གངས་ལྗོངས་ས་མཐོར་སློབ་གསོ་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ་དང་། སློབ་གསོ་ལས་གངས་ལྗོངས་ས་མཐོའི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱས་ཤིང་། དོ་སྙོམས་འཕེལ་རྒྱས་དང་། མཐའ་སྐྱོང་དྲང་གཞག མི་ཀུན་སློབ་གྲྭ་འགྲིམ་ཐུབ་པ། ཚང་མར་ཕུགས་འདུན་ཡོད་པ་བཅས་སྐྱེ་བོ་སྔར་བས་མང་བ་འཛམ་གླིང་གི་ཡང་རྩེ་ནས་རྡོག་ཐོན་བྱེད་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།