དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ བོད་དུ་ཤིང་ཏོག་ཐང་འབྲས་ཐོག་མར་ཚོད་འདེབས་བྱས་པར་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-14

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཤིང་ཏོག་ཐང་འབྲས་ནི་མི་མང་པོས་དགའ་པོ་བྱེད་པའི་ཚ་བའི་ཁུལ་གྱི་ཤིང་འབྲས་ཤིག་རེད། འདི་ལོའི་ཟླ་བ་དང་པོར་ཆུ་ཤུར་རྫོང་ཚལ་སྣ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་ཚ་བའི་ཁུལ་གྱི་ཤིང་འབྲས་དེ་ས་མཐོར་ནང་འདྲེན་བྱས་ནས་ཚོད་འདེབས་བྱས་པར་གྲུབ་འབྲས་ཐོབ་ཅིང་། ཕྱི་ལོའི་ཟླ་བ་བརྒྱད་པར་གྲོང་མི་ཚོས་དྲོད་ཁང་དུ་ཤིང་ཏོག་ཐང་འབྲས་འཐུ་བར་སྐྱོད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།