ཉེ་ཆར། “རྣ་གསང་མིག་གསལ་གྱི་འཆར་གཞི”ལྷ་སའི་མཐོང་ཚོར་སྨན་བཅོས་ས་ཚིགས་ལྷ་ས་གྲོང་ཁྱེར་སྐྱིད་རས་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་བཙུགས་པའི་དམིགས་ཡུལ་ནི་འདེམས་བཤེར་དང་། སྨན་བཅོས་རོགས་སྐྱོབ། གོམས་གཤིས་འཇགས་པའི་སློབ་གསོ་སོགས་བྱེད་ཐབས་བརྒྱུད། བྱིས་པའི་མིག་ཤེད་དང་རྣ་ཤེད་ཀྱི་གནད་དོན་ལ་རོགས་སྐྱོབ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། འདི་ནི་པེ་ཅིང་གི་སྨན་པས་སློབ་མའི་མིག་ལ་བརྟག་དཔྱད་བྱེད་བཞིན་པ།