དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • 2018ལོའི་ཀྲུང་གོའི་གླུ་གར་དང་བྲོ་གར་ཁང་བོད་ལྗོངས་རིམ་རྒྱུགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་དབང་། བདེ་སྐྱིད།   |     སྤེལ་དུས།  2018-10-17

    ཚེས་2ཉིན། ཀྲུང་གོའི་གླུ་གར་དང་བྲོ་གར་ཁང་གིས་གཙོ་གཉེར་དང་བོད་ལྗོངས་རྡོ་རྗེ་རོལ་དབྱངས་གསོ་སྦྱོང་ལྟེ་གནས་ཀྱིས་སྒྲུབ་གཉེར་འོག སྐབས་གཉིས་པའི་ཀྲུང་གོའི་གླུ་གར་དང་བྲོ་གར་ཁང་བོད་ལྗོངས་རིམ་རྒྱུགས་བྱེད་སྒོའི་ས་ཚིགས་དེ་གཞིས་རྩེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་མང་ཚོགས་སྒྱུ་རྩལ་ལྟེ་གནས་སུ་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་དུ་གླིང་བུ་དང་། བྱིས་པའི་གླུ་གཞས། བྱིས་པའི་ཞབས་བྲོ། རྒྱ་གླིང་བཅས་ལ་རིམ་རྒྱུགས་བཏང་ཡོད་ལ། ད་ལོའི་སྐབས་གཉིས་པའི་རིམ་རྒྱུགས་ལ་དམིགས་བསལ་གྱི་འགྲན་བསྡུར་རོལ་ཆ་སྟེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་གྱི་རིམ་རྒྱུགས་བཏང་ཡོད།

    1.JPG

    འདི་ནི་སྒྲ་སྙན་ཚོགས་ཆུང་གི་རྒྱུགས་སྤྲོད་པ་ལོ་ཆུང་ཤོས་ཡིན།

    2.JPG

    འདི་ནི་གླིང་བུའི་རིམ་རྒྱུགས་ཚོགས་ཆུང་གི་རྒྱུགས་སྤྲོད་པ་ཚོས་སྔོན་སྦྱོང་བྱེད་བཞིན་པ།

    ད་ཐེངས་རིམ་རྒྱུགས་ཐོག་རོལ་ཆ་རེར་རིམ་པ་དང་པོ་ནས་བཅུ་ཡི་བར་བཏང་ཆོག་པ་དང་། རྒྱུགས་སྤྲོད་པ་རང་ཉིད་ཀྱིས་སོ་སོའི་ཆུ་ཚད་ལ་གཞིགས་ཏེ་རིམ་པ་མི་འདྲ་བར་ཐོ་འགོད་བྱས་ཆོག་ཅིང་། དཔྱད་འདེམས་པས་ཐོ་འགོད་ཀྱི་རིམ་པའི་ཆུ་ཚད་ལ་སླེབས་ཡོད་མིན་གྱི་རྒྱུགས་ཚད་བཏང་གི་ཡོད། 

    3.JPG

    འདི་ནི་ཉི་མས་གླིང་བུའི་རིམ་པ་གཉིས་པའི་རྒྱུགས་སྤྲོད་བཞིན་པ།

    དཔྱད་འདེམས་པའི་ཚོགས་ཆུང་ཡང་ཀྲུང་གོའི་གླུ་གར་དང་བྲོ་གར་ཁང་གི་དཔྱད་འདེམས་པ་གཉིས་ཐོག་སྒྲ་སྙན་ཚོགས་ཆུང་གི་དཔྱད་འདེམས་པར་དམངས་ཁྲོད་ཀྱི་སྒྲ་སྙན་མཁས་ཅན་བཀྲ་ཤིས་རྡོ་རྗེ་དང་བོད་ལྗོངས་གླུ་གར་ཚོགས་པའི་རོལ་དབྱངས་ཚོགས་པའི་འགན་ཁུར་མི་སྣ་རྡོ་རྗེ་གཉིས་པོ་ཡིན། ད་ཐེངས་ཀྱི་རིམ་རྒྱུགས་ཐོག་སྒྲ་སྙན་ཚོགས་ཆུང་ནང་ལོ་གྲངས་ཆེ་ཆུང་དང་རིམ་པ་མཐོ་དམའ་མི་འདྲ་བའི་རྒྱུགས་སྤྲོད་པ་མང་བས་སྤྱི་ཚོགས་ཐོག་སྒྲ་སྙན་ལ་དགའ་པོ་བྱེད་མཁན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་བྱེད་པ་དེ་མཚོན་ཐུབ་ཅེས་གསར་འགོད་པར་བརྗོད་བྱུང་།

    4.JPG

    འདི་ནི་སྒྲ་སྙན་ཚོགས་ཆུང་གི་དཔྱད་འདེམས་པ་བཀྲ་ཤིས་རྡོ་རྗེས་རྒྱུགས་སྤྲོད་ཐོན་པའི་གནད་དོན་ལ་བསམ་འཆར་འདོན་བཞིན་པ།

    ཚེ་རིང་ནོར་བུ་ནི་ད་ཐེངས་ཀྱི་རིམ་རྒྱུགས་ནང་གླིང་བུའི་རིམ་པ་དྲུག་པར་རྒྱུགས་སྤྲོད་བྱས་ཡོད་ཅིང་ད་ཐེངས་ཀྱི་གླིང་བུའི་རྒྱུགས་སྤྲོད་ཁྲོད་ཀྱི་རིམ་པ་མཐོ་ཤོས་ཡིན་པ་རེད། ཁོ་པས་གསར་འགོད་པར་བརྗོད་དོན། རང་ཉིད་ལོ་5ནས་ཕ་ཡི་ཤུགས་རྐྱེན་དང་རང་སོ་སོའི་དགའ་ཕྱོགས་ཀྱིས་སྐུལ་ཏེ། དུས་རྒྱུན་གྱི་དབྱར་གསེང་དང་དགུན་གསེང་། གཟའ་མཇུག་གི་བར་ལ་ཧུར་བརྩོན་བྱས་ཤིང་དུས་རྒྱུན་སློབ་གྲྭའི་བྱེད་སྒོ་ཁག་ཙམ་མ་ཟད"སྐབས་བཅོ་ལྔ་པའི་ང་མེས་རྒྱལ་ལ་དགའ"ཞེས་པའི་ལོ་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ཐོག་རོལ་ཆ་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཡང་ཐོབ་མྱོང་ཞེས་བཤད།

    5.JPG

      འདི་ནི་གླིང་བུའི་ཚོགས་ཆུང་གི་རིམ་པ་མཐོ་ཤོས་སྟེ་རིམ་པ་དྲུག་པའི་རྒྱུགས་སྤྲོད་པ་ཚེ་རིང་ནོར་བུ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།