དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་ནང་ཆར་པ་ཉུང་བ་དང་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-16

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་10ཚེས་15ཉིན་ནས་ཚེས་21ཉིན་བར)

    གཟའ་ཟླ་བར་ཉིང་ཁྲི་དང་ཆབ་མདོར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབ་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་བབ་མཐོ་བའི་རི་ཁུལ་དུ་གངས་འབྲིང་བ་འབབ་རྒྱུ་དང་ཆབ་མདོ་དང་ཉིང་ཁྲིར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ཙམ་ཆག་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་མིག་དམར་དང་ལྷག་པར་མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ཕུར་བུ་ནས་སྤེན་པའི་བར་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་དུ་གངས་འབྲིང་བ་འབབ་རྒྱུ། ལྷོ་ཁ་དང་ལྷ་སར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་ལྷོ་རྒྱུད་མཐའ་མཚམས་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ཙམ་རྒྱག་རྒྱུ་དང་། བོད་བྱང་ཐང་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་6ཙམ་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་ས་ཆར་གངས་གསོག་ཐེབས་ནས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།

    2.གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བ་དང་ལྷགས་པ་ཆེན་པོ་རྒྱག་མང་བས་རླུང་འགོག་གྲང་འགོག་ལ་དོ་སྣང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།