དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁ་སྦུག་བདེ་ཐང་གིས་ལུས་པོ་ཡོངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པས་སོའི་བདག་གཅེས་ཐད་ཡིད་གཟབ་བྱེད་དགོས་པའི“དོན་ཚན་བརྒྱད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-20

    ཟླ་9ཚེས་20ཉིན་ནི“རྒྱལ་ཡོངས་ཀྱི་སོ་གཅེས་ཉིན་མོ”རེད། 2018ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཁ་སྦུག་བདེ་ཐང་བྱུང་ན། ལུས་པོ་བདེ་ཐང་ཡོང་ཐུབ”ཅེས་པ་དེ་རེད།

    རིགས་གཅིག་མཁས་ཅན་གྱིས་ཁ་སྦུག་བདེ་ཐང་གིས་ལུས་པོ་ཡོངས་ཀྱི་བདེ་ཐང་ལ་ཕྱོགས་མང་པོའི་ཤུགས་རྐྱེན་ཐེབས་སྲིད་པས་སྤྱི་དམངས་ཀྱིས་ཁ་སྦུག་བདེ་ཐང་ལ་ཡིད་གཟབ་དང་སོར་གཅེས་སྤྲས་བྱ་རྒྱུར་ཡིད་གཟབ་བྱེད་དགོས་པའི“དོན་ཚན་བརྒྱད”བློ་ལ་བརྟན་པོར་ངེས་དགོས།

    ● ཉིན་ལྟར་སོ་ཐེངས་གཉིས་འཁྲུ་དགོས་པ་དང་དགོང་མོ་ཉལ་ཁར་སོ་འཁྲུ་རྒྱུ་དེ་བས་གལ་ཆེ་བས་སྔ་དགོང་གཉིས་སོ་འཁྲུ་བ་དང་ཁ་ལག་བཟས་རྗེས་ཁ་ཆུ་བཤལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།

    ● ཧྥུལ་ཡོད་པའི་སོ་སྨན་སྤྱོད་རྒྱུ་དར་སྤེལ་གཏོང་དགོས།

    ● བདེ་ཐང་གི་བཟའ་འཐུང་བྱས་ཏེ་སོར་སྲུང་སྐྱོང་བྱེད་པ་དང་ཉིན་ལྟར་མངར་ཆ་ཟ་ཐེངས་ཉུང་དུ་གཏོང་དགོས་པ་དང་། དབུགས་ལྡན་ཐན་སྐྱུར་གྱི་བཏུང་བྱ་ཉུང་ཙམ་འཐུང་བ། དགོང་མོ་མ་ཉལ་གོང་སོ་བཀྲུས་རྗེས་ཁ་ལག་ཟ་མི་རུང་བ།

    ● ལོ་ལྟར་མ་མཐར་ཡང་ཁ་སྦུག་བདེ་ཐང་གི་བརྟག་དཔྱད་ཐེངས་རེ་བྱས་ཏེ་ཁ་སྦུག་གི་ནད་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་ཐུབ་པ་བྱེད་དགོས།

    ● ཁ་སྦུག་ལ་ནད་ཕོག་དུས་མངལ་འཁོར་རྒྱུ་མེད།

    ● ཁྱིམ་བདག་གིས་ཕྲུ་གུ་དམར་འབྱར་གྱི་ཁ་ནང་གཙང་སྦྲར་དང་དོད་བྱེད་དགོས་པ་དང་ཕྲུ་གུར་སོ་འཁྲུ་རོགས་དང་སོ་འཁྲུ་རྒྱུར་ལྟ་སྐུལ་བྱས་ཏེ་སོ་མི་འཁྲུ་བ་སོགས་ཀྱི་གོམས་གཤིས་ངན་པ་མི་འཇགས་པ་བྱེད་དགོས།

    ● སློབ་ལོ་ལོན་པའི་བྱིས་པའི་སོ་ཧྲལ་ཡག་པོ་སྒྲིག་དགོས།

    ● སོ་ཇི་ཙམ་བཀོག་པ་དེ་ཙམ་གྱིས་གསར་པ་བསྒར་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།