དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མོག་རོ་ནག་པོ་འདེབས་འཛུགས་ལག་རྩལ་གྱི་ཞིབ་འཇུག་རྣམ་གྲངས་ལ་ཞིབ་དཔྱད་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-12

    ཉེ་དུས། ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཙོ་གནད་ཐོན་ལས་ལས་དོན་ཆེད་དོན་ཚན་ཁག་གི་འབྲེལ་ཡོད་བླང་བྱར་གཞིགས་ཏེ། ས་མཐོའི་ཁོར་ཡུག་ནང་མོག་རོ་ནག་པོ་འདེབས་འཛུགས་ལག་རྩལ་གྱི་ཞིབ་འཇུག་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་རེད།

    རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་25རག་པ་དང་གཙོ་བོ་ས་མཐོའི་ཁོར་ཡུག་ནང་མོག་རོ་ནག་པོ་འདེབས་འཛུགས་ཀྱི་ཁོར་ཡུག་དཔྱད་གྲངས་ལ་ཞིབ་འཇུག་བྱ་རྒྱུ་དང་འབྲེལ། ས་མཐོའི་ཁོར་ཡུག་ནང་མོག་རོ་ནག་པོ་འདེབས་འཛུགས་ཀྱི་འགག་རྩའི་ལག་རྩལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་པས་ལྷ་ས་གྲོང་ཁྱེར་གྱི་མོག་རོ་ནག་པོ་ནུས་ཆེ་དང་སྐྱོན་བྲལ་ངང་ཐོན་སྐྱེད་ཀྱི་ལག་རྩལ་གྲུབ་རྒྱུར་འདེགས་སྐྱོར་ཐུབ་རྒྱུ་རེད།

    རྣམ་གྲངས་དེ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་ལས་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཆེད་རྨང་གཞི་ཡག་པོ་བཏིང་བ་དང་མོག་རོ་ནག་པོ་ཐོན་ལས་ཅན་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།