དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་མ་བྱས་ཐབས་མེད་ཀྱི་བྱ་བ་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལུའུ་ལི་ཅོན།   |     སྤེལ་དུས།  2018-09-12

    ཚན་རྩལ་ནི་རྒྱལ་ཁབ་སྟོབས་འབྱོར་ཡོང་བའི་རྨང་གཞི་དང་གསར་གཏོད་ནི་མི་རིགས་ཡར་ཐོན་གྱི་བླ་སྲོག་ལྟ་བུ་རེད། ཚན་རྩལ་གྱི་ཆུ་ཚད་དེ་དཔལ་འབྱོར་གྱི་དུས་འཁོར་ལ་ཤུགས་རྐྱེན་བཟོ་བའི་གྲངས་འགྱུར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། དཔལ་འབྱོར་སྤྱི་འབོར་གྱི་རིམ་སྤོར་གཏན་འཁེལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཆེ་ཤོས་དེའང་རེད། “དུས་བབ་ལ་རྟོག་ཞིབ་བྱེད་མཁན་ནི་སྤྱང་གྲུང་ལྡན་པ་དང་དུས་བབ་ཀྱི་འཕེལ་ཕྱོགས་དང་བསྟུན་མཁན་ནི་བློ་གྲོས་ལྡན་པ་ཞིག་རེད”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་ཐུབ་ཡོད། དེར་བརྟེན་སྨྱུག་འཛིན་པས་ལྷ་ས་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་ལས་དོན་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཚན་རྩལ་མཉམ་ལས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འགག་རྩའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཧུར་ཐག་ཡོང་བ་བཅས་བྱས་ཏེ་ཚན་རྩལ་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས་གསར་གཏོད་ཐོན་ཁུངས་སྔར་བས་གཅིག་སྡུད་བྱེད་དགོས།

    མིག་སྔའི་དུས་བབ་འོག་ཚན་རྩལ་ལས་དོན་གྱིས་ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་འབད་འཐབ་དམིགས་ཚད་མཐའ་འཁྱོངས་ཀྱིས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ཁྲོད་དུ་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རང་བརྟེན་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ཆའི་ཁྱབ་ཁོངས་དང་འགག་རྩའི་ལག་རྩལ་གྱི་ཚད་བརྒལ་གལ་ཆེན་མངོན་འགྱུར་ཧུར་ཐག་བྱེད་དགོས་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དོན་དངོས་ཐོག་ཤེས་ལྡན་པར་བརྟེན་ནས་སྐུལ་འདེད་གཏོང་དགོས་པས་འཐབ་ཇུས་ཚན་རྩལ་ཤེས་ལྡན་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ། གཞོན་ནུ་ཚན་རྩལ་ཤེས་ལྡན་པ། ཆུ་ཚད་མཐོ་བའི་གསར་གཏོད་དཔུང་ཁག་བཅས་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་དྲ་རྒྱ་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་གསར་གཏོད་འཆར་འགོད་ནང་གི་ཉིན་རེ་བཞིན་གལ་ཆེ་རུ་འགྲོ་བའི་ཁུལ་དུ་འགྱུར་བ་བྱེད་དགོས་པ་བཅས་རེད།

    དེང་སྐབས་ཀྱི་ལས་འགན་འོག་ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པའི་ཞན་ཆ་གསབ་དགོས་པ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་དེ་དོན་དངོས་ཐོག་ཤེས་ལྡན་པར་བརྟེན་ནས་སྐུལ་འདེད་གཏོང་དགོས། ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཤེས་ལྡན་པ་ཡག་པོ་སྤྱོད་པ་དང་འཐབ་ཕྱོགས་དང་པོའི་ཤེས་ལྡན་པ་གནས་ཐུབ་པ་བྱེད་པར་བསམ་གཞིག་གང་ལེགས་བྱེད་དགོས། ཚན་ཞིབ་ལས་དོན་ས་ཚིགས་ཀྱི་དབྱེ་ཞིབ་དང་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་བསྐྲུན་ཟིན་པའི་ལས་དོན་ས་ཚིགས་ལ་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།