བཟའ་བཅའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་སྔར་བས་ལྷག་པ་གཏོང་ཆེད། ཉེ་ཆར། “ཀུན་སྤྱོད་སྤྱི་བོར་བཀུར་ནས་ཁྲིམས་སྲུང་དང་བཟའ་བཅའ་བདེ་འཇགས་ཡོང་བ་བྱས་ནས་འཚོ་བ་སྔར་བས་མཛེས་སྡུག་ལྡན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2018ལོའི་མལ་གྲོ་གུང་དཀར་རྫོང་གི་བཟའ་བཅའ་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཐེངས་འདིའི་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་རིང་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་ཀྱི“སྲང་ལམ་གཅིག”དང་ཚད་གཞི་མ་ལོན་པའི་བཟའ་བཅའ་གཅིག་སྡུད་ཐོག་མེད་པ་བཟོ་བ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་དྲུག་སྤེལ་ཞིང་། འདི་ནི་འགོ་འཛུགས་མཛད་སྒོའི་ཐོག་ལས་དོན་པས་མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱེད་པའི་གནས་ཚུལ་ཡིན་པ།