དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྲུང་ཆིང་ནན་ཁྲོན་ཅིན་ཧྥོ་རི་བོའི་འདབས་ཀྱི“ཕྲན་ཚེགས་སློབ་ཆུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2018-09-11

    ཁྲུང་ཆིང་གྲོང་ཁྱེར་ནན་ཁྲོན་ཆུས་ཏཱ་ཡིའུ་གྲོང་རྡལ་ཧྲུའེ་ཡོན་གྲོང་ཚོའི་ཆའོ་ཤིན་སློབ་ཆུང་ནི་དགེ་རྒན་1དང་སློབ་མ་11ལས་མེད་པའི“ཕྲན་ཚེགས་སློབ་ཆུང”ཞིག་རེད། ཕྲན་ཚེགས་སློབ་ཆུང་དེ་ནི་ས་བབ་མཐོ་ཚད་སྨི་1000ལྷག་ཙམ་ཡོད་པའི་ཅིན་ཧྥོ་རི་བོའི་ཤར་འདབས་སུ་གནས་པས་ཕྲུ་གུ་ཚོ་ཐག་ཉེ་སར་སློབ་ཞུགས་ཐུབ་ནས་ཉིན་ལྟར་སྤྱི་ལེ་10ལྷག་ཙམ་ཡོད་པའི་རི་ལམ་བརྒྱུད་ཏཱ་ཡིའུ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་རྐང་ཐང་མར་ཆུ་ཚོད་གཉིས་གསུམ་ཙམ་འགྲོ་དགོས་བྱུང་མེད། མིག་སྔར་ཆུས་དེར་གྲོང་ཚོའི་སློབ་ཆུང་11དང་སློབ་ཁྲིད་ས་ཚིགས་8ཡོད་ཅིང་། གྲོང་ཚོའི་སློབ་ཆུང(སློབ་ཁྲིད་ས་ཚིགས)ལ་མང་ཤོས་སློབ་མ་180ཡོད་པ་དང་ཉུང་ཤོས་ལ་སློབ་མ་7ལས་མེད་པ་རེད།

    548880_yis_1536555845827.jpg

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ནན་ཁྲོན་ཆུས་ཏཱ་ཡིའུ་གྲོང་རྡལ་ཧྲུའེ་ཡོན་གྲོང་ཚོའི་ཆའོ་ཤིན་སློབ་ཆུང་གི་དགེ་རྒན་ཅང་ཁའེ་ཧྭ་ཡིས་ཕྲུ་གུ་ཚོ་དང་མཉམ་དུ་རོལ་རྩེད་རྩེ་བའི་གནས་ཚུལ་ཡིན་པ།

    548881_yis_1536555846310.jpg

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ནན་ཁྲོན་ཆུས་ཏཱ་ཡིའུ་གྲོང་རྡལ་ཧྲུའེ་ཡོན་གྲོང་ཚོའི་ཆའོ་ཤིན་སློབ་ཆུང་གི་དགེ་རྒན་ཅང་ཁའེ་ཧྭ་ཡིས་ཕྲུ་གུ་ཚོ་དང་མཉམ་དུ་རྒྱལ་དར་སྒྲེང་བའི་གནས་ཚུལ་ཡིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།