
དགེ་རྒན་དུས་ཆེན་ཐེངས་34པར་རྟེན་འབྲེལ་ཞུ་བ་དང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་གྱི་སྲོལ་བཟང་དར་སྤེལ། དགེ་རྒན་ལས་བཟོའི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བཅས་བྱས་ཏེ་ཚང་མར་སློབ་སྦྱོང་གི་མིག་དཔེ་ཡོད་པ་དང་ལས་སྒྲུབ་ཀྱི་ཁ་ཕྱོགས་ཡོད་པ་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པས་དགེ་རྒན་དུས་ཆེན་ཐེངས་34པར་རྟེན་འབྲེལ་ཞུ་བ་དང་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་འཚོགས་ཏེ་ཕུལ་བྱུང་གི་དགེ་རྒན་ལས་བཟོར་གཟེངས་བསྟོད་བྱས་ཤིང་།
འདི་ནི་ཚོགས་ཆེན་ཐོག་སློབ་མའི་འཐུས་མིས་ལོ་མང་རིང་དཀའ་བ་སྤྱད་དེ་དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་བའི་དགེ་རྒན་ལ་མེ་ཏོག་ཕུལ་ནས་གུས་ལུགས་མཚོན་པའི་གནས་ཚུལ་ཡིན་པ།