དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་གསར་གཏོད་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-05

    544556_yis_1535432026729_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣས་ལྷ་ས་ས་མཐོའི་ཧྲེན་ཝུའུ་ཞིབ་འཇུག་སུའོ་རུ་ལུག་མིག་མེ་ཏོག་ཆེན་པོ་དང་། ལུག་མིག་མེ་ཏོག་ཆུང་ཆུང་། ལུག་མིག་མེ་ཏོག་དཀར་པོ་བཅས་ཚོད་འདེབས་བྱས་པའི་སྐྱེ་འཚར་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།


    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ཐོན་ལས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ལས་གཏོད་བྱེད་པོ་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་གྱི་བྱ་ཐབས་སྤྱད་དེ་ཐོན་ལས་ཕྱོགས་སྒྱུར་དང་། གྲོང་ཁྱེར་ཕྱོགས་སྒྱུར། སྤྱི་ཚོགས་ཕྱོགས་སྒྱུར་བཅས་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    ཚན་རྩལ་འགྲན་བསྡུར་བརྒྱུད་བྱང་ཚད་མཐོ་རུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོང་ཆན་མིང་གིས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་ལས་ཤུགས་ཆེན་བྱས་ཏེ་སློབ་གྲྭར་ཚན་རྩལ་ཁྱབ་གདལ་དང་། ཚན་རྩལ་གསར་གཏོད་པ་ཆུང་ཆུང་གི་འགྲན་བསྡུར། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོ་སོགས་བརྒྱུད་ཚན་རིག་ཁྱབ་གདལ་སློབ་གསོར་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་ཤས་རིང་གི་ལག་ལེན་བརྒྱུད་བྱེད་སྒོ་དེ་དག་ཚང་མ་ལྷ་ས་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་སྤུས་རྟགས་བྱེད་སྒོར་གྱུར་པ་དང་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གསོན་ཉམས་ལྡན་ལ་སྤྲོ་སྣང་གིས་ཁེངས་པའི་བྱེད་སྒོ་རབ་དང་རིམ་པ་ལས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ། སྤྱི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མགྱོགས་མྱུར་མཐོ་རུ་བཏང་བ་མ་ཟད། ད་དུང་དུས་རབས་གསར་པར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་གསར་གཏོད་རྣམ་པའི་ལྷ་ས་སྐྲུན་མགྱོགས་སུ་གཏོང་རྒྱུར་རིག་གནས་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་བཏོད་ཡོད།

    ཚན་རྩལ་གཤམ་སྤེལ་བརྒྱུད་དམངས་ཡོངས་ལ་ཕན་པ་ཐོབ་པ།

    བྱེད་སྒོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ད་དུང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཚན་རིག་ཁྱབ་གདལ་འཁྲབ་སྟོན་རུ་ཁག་གདན་ཞུ་བྱས་ནས་དེ་གར་ཚན་རིག་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང“ཚོན་མདོག་འགྱུར་ཐུབ་པའི་ཆུ”སོགས་ཀྱི་ཚན་རིག་ཚོད་ལྟ་ཆུང་ཆུང་ལས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཚན་རིག་གི་དགའ་སྣང་ཆེས་ཆེར་འཕེལ་ཡོད།

    ཚན་རྩལ་གཤམ་སྤེལ་གྱི་བསམ་པའི་ཞན་ཆ་གསབ་པའི་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་སྡོད་ལས་དོན་ས་ཚིགས་སྙེ་མོ་རྫོང་བྲེ་ནང་གྲོང་ཚོར་བསྐྱོད་ནས་མང་ཚོགས་ལ་སྒོར་ཁྲི་1ལྷག་ཙམ་རི་བའི《ཚན་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བ》དང་། 《ཚན་རྩལ་འཚོ་བའི་ཤེས་བྱ》 《བདེ་ཐང་དང་བདེ་འཇགས་ཀྱི་སྐོར》《ཁོར་ཡུག་དང་སྣོད་བཅུད་ཀྱི་སྐོར》 《ཚན་རིག་དང་མཐུན་པའི་ངང་གེགས་འགོག་ཉེན་གཡོལ་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་བྱེད་པ》ཞེས་པ་སོགས་ཀྱི་ཞིང་འབྲེལ་ལག་རྩལ་གསར་པ་དང་སྣ་ཁ་གསར་པ་ཁྱབ་གདལ་དང་། གནོད་འཚེ་སྔོན་འགོག་ཉུང་གཏོང་། བདེ་ཐང་ལུས་གསོ། ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན་བདེ་སྲུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཚན་རིག་ཁྱབ་གདལ་སྐོར་གྱི་རིགས་20ལྷག་ཙམ་གྱི་བོད་ཡིག་དཔེ་དེབ་3000ལྷག་ཙམ་སྤྲད་པ་རེད།

    ཚན་རྩལ་འདེབས་འཛུགས་བརྒྱུད་མང་ཚོགས་ལ་ཕན་པ་ཐོབ་པ་དང་མང་ཚོགས་སྟོབས་ཆེར་སོང་བ།

    འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་རྨང་བརྟན་དམངས་ཕན་ལས་དོན་གཏིང་ཟབ་སྤེལ་བ་དང་ཚན་རྩལ་ལ་བརྟེན་ནས་མང་ཚོགས་ལ་ཕན་པ་ཐོབ་པ་དང་མང་ཚོགས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ལས་ཀའི་འདུ་ཤེས་འཛིན་ནས་བྲེ་ནང་གྲོང་ཚོའི་མང་ཚོགས་ལ་ནས་སོན“ཧི་མ་ལ་ཡ་ཨང་22པ”རྒྱ་མ་3000བརྩོན་ལེན་བྱས་པ་དག་མང་ཚོགས་ལ་རིན་མི་དགོས་པར་སྤྲད་པ་དང་འབྲེལ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་ཞིང་ཁ་འདེབས་པ་དང་ཐོན་འབབ་མང་དུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཡོད། གཞན་ཡང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལྕང་སོན་རྐང་1000ལྷག་ཙམ་འོས་འགན་ངང་བཙུགས་ནས་ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དར་སྤེལ་བཏང་བ་དང་། རྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན་དང་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ་སྨི་600ལྷག་ཙམ་ཟིན་པའི་ལམ་བཟོས་པས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ། གྲོང་ཚོའི་བུ་བཅོལ་ཁང་ལ་སྒོར་ཁྲི་3ལྷག་ཙམ་རི་བའི་སྒྲོག་ཙེ་དང་། རྐུབ་སྟེགས། སློབ་དེབ། དཔེ་ཁུག་སོགས་སློབ་ཆས་ཆ་ཚང་60བརྩོན་ལེན་བྱས་ནས་བྲེ་ནང་གྲོང་ཚོའི་ཕྲུ་གུ་ཆུང་ཆུང་བུ་བཅོལ་ཁང་དུ་སྐྱོད་པའི་བསམ་འདུན་མངོན་འགྱུར་བྱས་པ། བྲེ་ནང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་མཐར་ལུས་དུད་ཚང་ལ་སྒོར་ཁྲི་2ལྷག་ཙམ་རི་བའི་དྲོ་སྐྱིད་མཚོན་པའི་དངོས་ཟོག་སྣ་ཁ་200ལྷག་ཙམ་སྤྲད་པ། མངགས་གཏོང་ཚན་པ་ནས་མ་དངུལ་སྒོར་8000བརྩོན་ལེན་བྱས་ཏེ་བྲེ་ནང་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དུད་ཚང་16ལ་འཚམས་འདྲི་བྱས་པ་དང་དུད་ཚང་རེར་སྒོར་500སྤྲད་པ། སྙེ་མོ་རྫོང་བསྡོམས་རྩིས་ཅུས་དང་གློག་གཏོང་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་བྲེ་ནང་གྲོང་ཚོའི་ཚོགས་ཆུང་3ལ་གློག་སྐུད་སྒྱུར་བཀོད་བྱས་པར་མ་དངུལ་སྒོར་3000ལྷག་ཙམ་བཏང་བ། མངགས་གཏོང་ཚན་པས་བོད་བྱ་གསོ་ཚགས་རྣམ་གྲངས་1ལ་རྒྱབ་སྐྱོར་བྱས་པ་དང་མ་དངུལ་སྒོར་ཁྲི་100ཙམ་བཏང་སྟེ“ཀུང་སི་དང་ཞིང་དུད་ཟུང་འབྲེལ”གྱི་གཉེར་སྐྱོང་རྣམ་པ་སྤྱད་ནས་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་བཏང་བ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།