དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལུས་པོའི་དབང་པོ་ཉམས་པའི་རྒྱུན་ཤེས་ཁྱེད་ཀྱིས་ཤེས་སམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2018-08-07

    མི་མང་ཆེ་བ་ལོ་40ཡོལ་རྗེས་སྙིང་ནད་ཕོག་སླ་པོ་ཡོད།

    ཞིབ་འཇུག་ལས་མངོན་པར། ལོ་45ཡན་གྱི་སྐྱེས་པ་དང་ལོ་55ཡན་གྱི་བུད་མེད་རྣམས་ལ་སྙིང་ནད་ཕོག་སླ་པོ་ཡོད།

    འགོག་ཐབས།

    1.གཟའ་འཁོར་རེར་ལུས་སྦྱོང་ཐེངས་ལྔ་དང་ཐེངས་རེར་ཉུང་མཐར་ཆུ་ཚོད་ཕྱེད་ཀ་ཡན་རྒྱུན་འཁྱོངས་ན། སྙིང་ནད་དང་། གཅིན་སྙིའི་ཟ་ཁུ། གྲིབ་སྐྱོན་ནད་སོགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཡི་ཡོད།

    2.ཤིང་འབྲས་དང་། སྔོ་ཚལ། ཉ་ཤ་སོགས་ཞག་ཚིལ་ཉུང་བ་དང་ཚི་སྣ་མང་བའི་ཟས་རིགས་ཟ་དགོས།

    3.ཐ་མག་འཐེན་ན་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བས། ཡག་ཤོས་བྱུང་ན་གཅོད་དགོས།

    4.གཟུགས་པོའི་ཤ་སྐམ་དུ་བཏང་ནས་སྙིང་གི་ཁུར་པོ་ཡང་དུ་གཏོང་དགོས།

    མི་མང་ཆེ་བའི་མཁལ་ནུས་དེ་ལོ་40ནས་རིམ་བཞིན་ཉམས་འགྲོ་ཡི་ཡོད།

    མཁལ་མ་ནི་ལུས་པོའི་དབང་པོ་གཙོ་བོ་ཞིག་ཡིན་པས། མཁལ་ནུས་ཉམས་པ་དང་ཆབས་ཅིག་དབང་པོ་གཞན་ཡང་རིམ་བཞིན་ཉམས་འགྲོ་ཡི་ཡོད།

    འགོག་ཐབས།

    1.ཤིང་འབྲས་ལི་ཙི(栗子)ཡིས་མཆེར་པ་དང་ཕོ་བ་གསོ་ཐུབ་པ་མ་ཟད། མཁལ་ནུས་ཉམས་པར་ཕན་ཞིང་ཁྲག་འཁོར་རྒྱུག་སླ་རུ་འགྲོ་བས། རྒྱུན་དུ་ཤིང་འབྲས་ལི་ཙི་མང་ཙམ་ཟ་དགོས།

    2.གཟུགས་པོར་ཆུ་མི་འདེང་ན་དེ་མཚུངས་ཀྱིས་གཅིན་པ་མི་ཤོར་བ་དང་། གཅིན་པའི་ནང་གི་ནད་དུག་སོགས་གཟུགས་པོར་སིམ་ནས་ན་ཚ་ཕོག་ཉེན་ཆེ་བ་མ་ཟད། ནད་ཚབས་ཆེ་བའི་སྐབས་སུ་མཁལ་ནུས་ཀྱང་ཉམས་འགྲོ་ཡི་ཡོད།

    3.ཐཱན་སྐྱུར་རིགས་ཀྱི་བཏུང་བྱ་བཏུངས་དྲགས་ན་གཟུགས་པོའི་འཚོ་བཅུད་ཀལ་ཤོར་འགྲོ་བ་དང་གཅིན་ལམ་ནང་དུ་རྡོ་ཆགས་ཉེན་ཆེ་རུ་འགྲོ་བ་མ་ཟད། རྡོ་ཡོད་ཚེ་ཆེ་རུ་ཕྱིན་ནས་མཁལ་མར་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད།

    4.ཚྭ་མང་དྲགས་ན་ཁྲག་ཤེད་མཐོ་རུ་འགྲོ་བ་དང་སྙིང་ནད་ཕོག་སླ་བའི་ཁར་མཁལ་མ་དང་སྙིང་གི་ཁུར་པོའང་ལྕི་རུ་འགྲོ་ཡི་ཡོད། དེར་བརྟེན་རྒྱུན་དུ་ནས་ཚྭ་ཉུང་ཙམ་ཟ་དགོས།

    རྒྱུ་མའི་ནུས་པ་ལོ་55ནས་རིམ་བཞིན་ཉམས་འགྲོ་ཡི་ཡོད།

    རྒྱུ་མའི་ནང་གི་འབུ་ཕྲ་མང་ཆེ་བ་ལོ་55ནས་ཉུང་དུ་འགྲོ་བ་དང་། འཇུ་བྱེད་མ་ལག་གི་ནུས་པ་ཞན་དུ་འགྲོ་བས་རྒྱུ་རྒན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད།

    འགོག་ཐབས།

    1.ཁ་ལག་ཟ་སྐབས་ལྡད་མང་ཙམ་བརྒྱབ་ན་ཕོ་བས་འཇུ་བདེ་པོ་ཡོད།

    2.ཉིན་ལྟར་བ་དམ་སྦར་མོ་གང་བཟས་ན། རྒྱུ་མ་གཤོང་བ་མ་ཟད་ཟས་དུག་ཕོག་པར་སྔོན་འགོག་བྱེད་ཀྱི་ཡོད།

    3.ཁ་ལག་དུས་ཐོག་ཏུ་ཟ་དགོས་ཤིང་། མང་ཉུང་ཚད་རན་པོ་ཟ་དགོས།

    4.རྒྱུན་དུ་དངངས་འཚབ་བྱེད་དྲགས་ན་རྒྱུ་མར་གནོད་རྐྱེན་ཕོག་ཆེ་བས། དུས་རྒྱུན་དུ་སེམས་རྣལ་ལ་འབེབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།