འཁྱག་སྒམ་ཡུན་རིང་བེད་སྤྱོད་བཏང་རྗེས་དྲི་ངན་ཁ་གི་ཡོད་པས། དུས་ཐོག་ཏུ་ཆེད་སྤྱོད་ཀྱི་དྲི་ངན་སེལ་བྱེད་སྨན་རྫས་བླུགས་དགོས་པའམ་གཙང་མ་འཁྲུད་པ་ཕུད། ད་དུང་བྱ་ཐབས་འགའ་ཡོད་པ་གཤམ་གསལ་ཏེ།
1. མེས་ཚིག་ཟིན་པའི་རྡོ་སོལ་དམིག་ཚག་ཅན་མི་ཆག་པར་ཕྱིར་བཏོན་ནས་འཁྱག་སྒམ་ནང་ཉིན་གཉིས་གསུམ་བཞག་ན་དྲི་ངན་སེལ་ཐུབ།
2. ཀྲེང་མོག་བཟོས་པའི་གྲོ་ཞིབ་ལྷག་མ་ཕོར་པའི་ནང་བླུགས་ཏེ་འཁྱག་སྒམ་གྱི་འཁྱག་གཏོང་སའི་བང་ཁྲིའི་སྒང་དུ་ཟླ་2ནས་3བར་བཞག་ན་དྲི་ངན་སེལ་ཐུབ།
3. སེང་རས་ནང་ཇ་ལོ་ཁེ་50ཙམ་བླུགས་ཏེ་འཁྱག་སྒམ་ནང་བཞག་ན་དྲི་ངན་སེལ་ཐུབ་ལ། ཟླ་བ་གཅིག་ཙམ་སོང་རྗེས་ཇ་ལོ་དེ་ཉི་མར་བསྐམས་ན་ཡང་བསྐྱར་སྤྱོད་ཆོག་གི་ཡོད།
4. སྲིང་བལ་གྱིས་བཟོས་པའི་ཨ་ཅོར་གཙང་མ་ལྟེབ་རྩེག་བརྒྱབ་ནས་འཁྱག་སྒམ་གྱི་བང་ཁྲིའི་སྟེང་དུ་བཞག་ན། ཨ་ཅོར་གྱིས་དྲི་ངན་སེལ་ཐུབ་ལ། དུས་ཚོད་ངེས་ཅན་སོང་རྗེས་ཨ་ཅོར་ཆུ་དྲོད་འཇམ་གྱིས་བཀྲུས་ནས་བསྐམས་རྗེས་ཡང་བསྐྱར་སྤྱོད་ཆོག
5. ཚ་ལུ་མ་སོས་པའི་པགས་པ་གཙང་མ་བཀྲུས་ནས་བསྐམས་རྗེས། འཁྱག་སྒམ་ནང་དུ་བླུགས་ན་དྲི་ངན་སེལ་ཐུབ།