དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལག་ཁྱེར་འདི་རིགས་ཀྱི་གོ་ཆོད་དུས་ཚོད་གསལ་པོ་ཁྱེད་ཀྱིས་ཨེ་ཤེས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2018-08-07

    དྲན་སྐུལ་ཞུ་རྒྱུར། རྒྱུན་གཏན་གྱི་འཚོ་བའི་ནང་ང་ཚོས་སྤྱད་དང་སྤྱོད་མུས་ཀྱི་ལག་ཁྱེར་མང་པོར་གོ་ཆོད་དུས་ཚོད་ཡོད་མོད། གལ་སྲིད་གོ་ཆོད་དུས་ཚོད་ཐིམ་ནས་སླར་ཡང་གསར་པ་མ་བཟོས་ཚེ། ཁྱེད་ལ་ཕན་མི་ཐོགས་པ་མ་ཟད། ད་དུང་དོན་མེད་རྙོག་དྲ་མི་ཉུང་བ་ཞིག་བཟོ་ཡི་ཡོད། གཤམ་གསལ་གྱི་ནང་དོན་ལ་གཟིགས་ནས་ཁྱེད་ཀྱིས་ལག་ཁྱེར་དེ་དག་གི་གོ་ཆོད་དུས་ཚོད་ཐིམ་ཡོད་མེད་ཅིག་གཟིགས་དང་།

    1、ཁ་ལོ་བའི་ལག་ཁྱེར། (驾驶证)

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་26པར།

    འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱི་ཁ་ལོ་བའི་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཚོད་ལོ་6རིང་། ལོ་རེར་སྐར་མ་གཅོག་ཚད་12ལས་མ་བརྒལ་ན། ལོ་10གོ་ཆོད་པའི་ཁ་ལོ་བའི་ལག་ཁྱེར་ལ་བརྗེ་པོ་རྒྱག་ཆོག

    དེ་ནས་གོ་ཆོད་པའི་དུས་ཚོད་ལོ་10ཡི་རིང་། ལོ་རེར་སླར་ཡང་སྐར་མ་གཅོག་ཚད་12ལས་མ་བརྒལ་ན། ཡུན་རིང་གོ་ཆོད་པའི་ཁ་ལོ་བའི་ལག་ཁྱེར་ལ་བརྗེ་པོ་རྒྱག་ཆོག་ཅེས་གཏན་འབེབས་ཁ་གསལ་བྱས་འདུག

    ཁ་ལོ་བའི་ལག་ཁྱེར་གྱི་དུས་ཚོད་ཡོལ་ན་ཇི་ལྟར་བྱེད་དགོས་སམ།

    འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་།

    1、ཁ་ལོ་བའི་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཚོད་ཡོལ་ནས་ལོ་1མ་སོང་ན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དུ་བསྐྱོད་དེ། དེ་མཚུངས་ཀྱི་ཆ་འཕྲིན་བཏོན་ནས་དུས་ཐོག་ཏུ་གསར་པ་བརྗེས་ན་འགྲིག་གི་ཡོད།

    2、གལ་སྲིད་དུས་ཚོད་ཡོལ་ནས་ལོ་1ལྷག་ཙམ་དང་ལོ་3སོང་མེད་ན། འཁོར་རིགས་དོ་དམ་སུའོ་རུ་ཡིག་རྒྱུགས་དང་པོ་བཏང་ནས་རྒྱུགས་འཕྲོད་རྗེས། ལག་ཁྱེར་གསར་པ་བརྗེ་ཡི་ཡོད།

    3、ལག་ཁྱེར་གྱི་དུས་ཚོད་ཡོལ་ནས་ལོ་3ཡན་སོང་ཚེ། ཁ་ལོ་བའི་སྔོན་གྱི་ལག་ཁྱེར་གྱིས་གོ་ཆོད་ཀྱི་མེད་པས། ཡིག་རྒྱུགས་ཚང་མ་འགོ་ནས་གཏོང་དགོས་ཀྱི་ཡོད།

    ངེས་པར་དུ་དོ་སྣང་བྱེད་དགོས་པ་སྟེ།

    དུས་ཚོད་ཡོལ་བའི་ལག་ཁྱེར་ཁྱེར་ཏེ་རླངས་འཁོར་བཏང་ན། ལག་ཁྱེར་མེད་པར་བརྩི་ཡི་ཡོད་པས། གལ་སྲིད་འགྲིམ་འགྲུལ་ཉེན་རྟོག་པས་བཟུང་ཚེ་ཁྲིམས་འགལ་གྱི་གནས་ཚུལ་ཆེ་ཆུང་གཞིར་བཟུང་ཆད་པ་སྒོར་200ནས་2000བར་གཏོང་གི་ཡོད།

    2、ཐོབ་ཐང་ལག་ཁྱེར། (身份证)

    རང་རྒྱལ་གྱི་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་སྐབས་ལོ་མི་འདྲ་བར་དེ་མཚུངས་ཀྱི་གོ་ཆོད་དུས་ཚོད་ཡོད་པ་གཤམ་གསལ་ཏེ།

    ལོ་16ནས་25བར་གྱིས་ལག་ཁྱེར་བཟོས་ཚེ་གོ་ཆོད་དུས་ཚོད་ལོ་10ལས་མེད།

    ལོ་26ནས་45བར་གྱིས་ལག་ཁྱེར་བཟོས་ཚེ་གོ་ཆོད་དུས་ཚོད་ལོ་20ཡོད།

    ལོ་46ནས་ལག་ཁྱེར་བཟོས་ཚེ་ཡུན་རིང་གོ་ཆོད།

    ལོ་16ལ་སླེབས་མེད་པའི་སྤྱི་དམངས་ཀྱིས་རང་མོས་ངང་ལག་ཁྱེར་བཟོས་ཚེ། གོ་ཆོད་དུས་ཚོད་ལོ་5ཁོ་ན་ལས་མེད།

    གཤམ་གསལ་གྱི་གནས་ཚུལ་འདི་དག་འཕྲད་སྐབས་ཐོབ་ཐང་ལག་ཁྱེར་གསར་པ་བཟོ་དགོས།

    ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཚོད་ཡོལ་བ་དང་། མིང་བསྒྱུར་བ། ལག་ཁྱེར་རྙིང་པ་ཆགས་ཏེ་གསལ་པོར་མི་མཐོང་བའམ་ཡང་ན་ཆག་པའི་རིགས་ལ་ངེས་པར་དུ་གསར་པ་བཟོ་དགོས།

    ཐོབ་ཐང་ལག་ཁྱེར་བཟོ་སྐབས་ཆ་འཕྲིན་ནོར་བའི་རིགས་དག་བཅོས་བྱེད་དགོས་པའི་ཁར་དུས་ཐོག་ཏུ་གསར་པ་བཟོ་དགོས།

    ལག་ཁྱེར་གསར་པ་ལེན་སྐབས། རྙིང་པ་རྩིས་སྤྲོད་བྱེད་དགོས།

    ཐོབ་ཐང་ལག་ཁྱེར་བརླགས་ཚེ་ངེས་པར་དུ་ལག་ཁྱེར་གསར་པ་ལེན་དགོས།

    3、གནས་སྐབས་ཐོབ་ཐང་ལག་ཁྱེར། (临时身份证)

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དོ་དམ་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། གནས་སྐབས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཚོད་ཟླ་བ་3ལས་མེད་པ་དང་། ལག་ཁྱེར་སྤྲད་པའི་ཉིན་ནས་བཟུང་བརྩི་ཡི་ཡོད།

    4、ལམ་ཡིག (护照)

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཡིག་ལ་ཕྱི་འབྲེལ་གྱི་ལམ་ཡིག་དང་། གཞུང་དོན་གྱི་ལམ་ཡིག སྤྱིར་བཏང་གི་ལམ་ཡིག་བཅས་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཡིག་བཅའ་ཁྲིམས》གཞིར་བཟུང་། ཕྱི་འབྲེལ་གྱི་ལམ་ཡིག་དང་གཞུང་དོན་གྱི་ལམ་ཡིག་གི་གོ་ཆོད་པའི་དུས་ཚོད་ལོ་5ལས་བརྒལ་མི་རུང་བ་དང་། སྤྱིར་བཏང་གི་ལམ་ཡིག་གི་གོ་ཆོད་པའི་དུས་ཚོད་ལོ་10ལས་བརྒལ་མི་རུང་། གོ་ཆོད་པའི་དུས་ཚོད་ཐིམ་ཚེ་གསར་པ་བཟོ་དགོས།

    ཤང་ཀང་དང་ཨའོ་མོན་དམིགས་བསལ་ཁུལ་གྱི་ལམ་ཡིག་གི་གོ་ཆོད་པའི་དུས་ཚོད་སྤྱིར་ན་ལོ་10རེད། གལ་སྲིད་ལོ་16མན་གྱི་བྱིས་པར་ལམ་ཡིག་བཟོས་ཚེ། གོ་ཆོད་པའི་དུས་ཚོད་ལོ་5ཁོ་ན་ལས་མེད།

    5、རླངས་འཁོར་གྱི་འགྲུལ་བཞུད་ལག་ཁྱེར། (行驶证)

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། རླངས་འཁོར་གྱི་འགྲུལ་བཞུད་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཚོད་ཡུན་རིང་ཡིན་མོད། འོན་ཀྱང་གཏན་འབེབས་ལྟར་ཞིབ་བཤེར་བྱེད་དགོས་ཀྱི་ཡོད།

    1、འགྲུལ་སྐྱེལ་རླངས་འཁོར(营运载客汽车)ལོ་5ཡི་ནང་ཚུན་དུ་ཞིབ་བཤེར་ཐེངས་རེ་བྱེད་དགོས་པ་དང་། ལོ་5སོང་ཚེ་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས།

    2、ཟོག་སྐྱེལ་རླངས་འཁོར་དང་མི་བླུག་མི་ཆོག་པའི་རླངས་འཁོར་ཆེ་གྲས་དང་འབྲིང་གྲས(大型、中型非营运载客汽车)ལོ་10ཡི་ནང་ཚུན་དུ་ཞིབ་བཤེར་ཐེངས་རེ་དང་། ལོ་10བརྒལ་ཚེ་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས།

    3、མི་བླུག་མི་ཆོག་པའི་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས(小型、微型非营运载客汽车)ལོ་6ནང་ཚུན་དུ་ལོ་2རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས། ལོ་15ཡོལ་ཚེ་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས།  

    4、སྦག་སྦག་ལོ་4ཡི་ནང་ལོ་2རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས། ལོ་4ཡོལ་ཚེ་ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས།

    5、ཐོ་ཕྲུག་དང་དེ་མིན་གྱི་འཕྲུལ་སྒུལ་འཁོར་རིགས་ལོ་ལྟར་ཞིབ་བཤེར་ཐེངས་རེ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།