དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གསེང་གི་འཚོ་བཅུད་ལྡན་པའི་བཟའ་བཅའ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-07-01

    ཞིང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་ལེགས་སུ་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་སློབ་མའི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་སྟེ་སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་ཆེད། བོད་ཀྱིས་2012ལོ་ནས་བཟུང་ལྗོངས་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་74ཡི་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་མིག་སྔར་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མར་ཁྱབ་ཚད་100%ཟིན་པ་རེད། འཚོ་བཅུད་ལེགས་སུ་གཏོང་བའི་འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་སློབ་མའི་བཟའ་འཐུང་གྲུབ་ཆ་དེ་བས་འཐུས་སྒོ་ཚང་དུ་སོང་བ་དང་། གཟུགས་པོའི་བྱང་ཚད་དང་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། 

    524546_yis_1529559525795.jpg

    འདི་ནི་བོད་ལྗོངས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་སློབ་གསེང་སྐབས་ཀུ་ཤུ་ཟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།