དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་སྒྲིག་གཞིའི་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-09

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཚན་རྩལ་འདེགས་སྐྱོར་གྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། ཚན་རིག་ལག་རྩལ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཚན་རྩལ་གྱི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་སྟེ། འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུའི་ཐད་རྨང་གཞི་གསར་པ་དང་སྒུལ་ནུས་གསར་པ་བསྣན་ཐུབ་པ་བྱུང་ཡོད།

    ཚན་རྩལ་སྒྲིག་གཞིའི་སྒྱུར་བཅོས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་འཚམ་པ་དང་ཚན་རྩལ་འདུས་ཚད་ཆེ་བའི་ཚན་རྩལ་རྣམ་གྲངས་ཁག་གཅིག་བདམས་ནས་རེ་འདུན་ཞུ་ཡིག་ཕུལ་བ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་ས་གནས་སུ་སྐྱེ་འཚར་ཡོང་རྒྱུར་འཚམ་པའི་འབྲུ་རིགས་དང་ཚལ་རིགས་སྣ་ཁ་གསར་པ་20ལྷག་སྔ་རྗེས་སུ་འདེམས་གསོ་དང་ཁྱབ་གདལ་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་9034བར་མང་དུ་ཕྱིན་པ་དང་། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་1108ཟིན་པ། མཐོ་གསར་ལག་རྩལ་གྱི་ཁེ་ལས་2དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་2ཚན་རིག་ལག་རྩལ་སྐྱེད་སྲིང་བྱ་ཡུལ་2 ཚན་ཞིབ་སྒྲིག་གཞི་2བཅས་ཡོད་པ་མ་ཟད། འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། མི་རིགས་ཀྱི་ལག་ཤེས་བཟོ་ལས། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ཐད་ཕུལ་བྱུང་གི་ཚན་ཞིབ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ཡར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཆེད་རིག་སྟོབས་དང་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།