ཟླ་6ཚེས་7ཉིན་ནི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་པ་དང་། འདི་ལོ་རང་ལྗོངས་ཀྱིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས། བོད་ལྗོངས་མི་རིགས་སློབ་ཆེན། གོར་མོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་། ཁྲེང་ཏུའུ་གྲོང་ཁྱེར་བཅས་སུ་རྒྱུགས་སྤྲོད་ས་ཚིགས་28བཙུགས་པ་དང་ལྗོངས་ཡོངས་སུ་ཁྱོན་རྒྱུགས་སྤྲོད་སློབ་མ་30364མིང་ཐོ་བཀོད་ཡོད་ཅིང་།
འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་ལྷ་ས་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་ཀྱི་ཕྱི་རོལ་དུ་འགྲིམ་འགྲུལ་སྒྲིག་ལམ་སྲུང་བའི་གནས་ཚུལ་ཡིན་པ།
འདི་ནི་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་འདོན་ཀུང་སིས་ཉིང་ཁྲིའི་མཐོ་རིམ་སློབ་འབྲིང་གཉིས་པར་མཐོ་རྒྱུགས་རིང་གི་གློག་འགན་ལེན་གྱི་ལས་དོན་སྔ་སྣུར་དུ་སྤེལ་བའི་གནས་ཚུལ་ཡིན་པ།
འདི་ནི་ལས་དོན་མི་སྣས་ལྷ་ས་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་སུ་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ཆ་འཕྲིན་ལ་ཞིབ་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།