
དུས་ཡུན་རིང་པོའི་ནང་བོད་དམག་ཁུལ་ཁང་གི་ལས་ཁུངས་བུ་བཅོལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་བྱ་ཐབས་སྣ་མང་སྤྱད་ནས་རྒྱལ་སྲུང་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ཏེ་བྱིས་པའི་གཟུགས་པོའི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཕྲུ་གུ་ཚོའི་དཀའ་སྤྱད་སྙིང་རུས་ཀྱི་བློ་སྟོབས་འཕེལ་བ་བྱེད་པ། ཕྲུ་གུ་ཚོའི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཤིང་། འདི་ནི་ཟླ་6ཚེས་1ཉིན་གྱི་སྔ་དྲོ་བོད་དམག་ཁུལ་ཁང་གི་ལས་ཁུངས་བུ་བཅོལ་ཁང་གིས་གྲོགས་པོ་ཆུང་ཆུང་ཚོ་སྒྲིག་འཛུགས་བྱས་ནས་ཐང་རིང་རྐང་ཐང་འགྲུལ་བཞུད་ཀྱི་སྦྱོང་བརྡར་བྱས་པ་དང་ཆབས་ཅིག་ཕོ་བྲང་པོ་ཏའི་ཐང་ཆེན་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།