དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་དམར་འབྱར་ལ་ཆུ་སྟེར་དགོས་མིན་དང་འོ་མ་སྟེར་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-12

    རྒྱུན་གཏན་དུ་ཕྲུ་གུ་སྐྱེས་སྐབས་ལུས་པོའི་ནང་ཆུ་འདང་ངེས་ཡོད་པ་དང་ཨ་མའི་འོ་མ་མ་བབས་པའི་བར་འཁྱོལ་ཐུབ་པས་ཆུ་སྟེར་དགོས་ཀྱི་མེད། ཆུ་སྟེར་ཚེ་ཨ་མའི་འོ་མ་འབབ་རྒྱུར་སྐྱོན་རྒྱག་གི་ཡོད།

    ཕྲུ་གུར་འོ་མ་སྟེར་བའི་ཐད་དུ་མཚན་མོ་ནི་དུས་ཡག་ཤོས་ཡིན་ཏེ། འོ་མ་འབབ་མང་ཤོས་ནི་ཐོ་རེངས་ཀྱི་ཆུ་ཚོད་3པ་ནས་4པའི་བར་ཡིན་པས་ཕྲུ་གུ་དམར་འབྱར་ཨ་མས་གལ་ཏེ་མཚན་དུ་འོ་མ་སྟེར་ཐབས་བྱས་ཚེ་འོ་མ་མང་དུ་འགྲོ་ཐུབ།

    ཨ་མའི་འོ་མ་སྟེར་བའི་དུས་ཚོད་ཡག་ཤོས་ནི་ཕྲུ་གུ་སྐྱེས་མ་ཐག་པའི་ཉིན་འགའ་ཤས་རིང་ཡིན། གལ་ཏེ་ཨ་མའི་འོ་མ་སྟེར་སྐབས་བདེ་བླག་བྱུང་ཚེ་ཕྲུ་གུ་དམར་འབྱར་ཨ་མས་མུ་མཐུད་འོ་མ་སྟེར་འདོད་བྱེད་ཀྱི་ཡོད།

    མདོར་བསྡུར་ན། ཨ་མའི་འོ་མ་ནི་ཕྲུ་གུ་དམར་འབྱར་གྱི་ལྷད་མེད་བཟའ་བཅའ་ཡག་ཤོས་ཡིན་ལ། ཕན་ནུས་ཡང་མང་པོ་ལྡན་པས་ཕྲུ་གུར་གཅེས་པའི་ཨ་མ་ཚོས་ཕྲུ་གུར་རྩ་ཆེའི་རང་བྱུང་ལག་རྟགས་འདི་མི་སྤྲོད་པའི་རྒྱུ་མཚན་ག་ན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།