དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཚན་རྩལ་ཁྱབ་གདལ་ཆ་འཕྲིན་ཅན་གྱི“ཐབས་ལམ་སྣ་ཚོགས”སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2018-05-04

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ། 2017ལོ་ནས་བཟུང་། རང་ལྗོངས་ཀྱིས་ཚན་རིག་ཁྱབ་གདལ་ཆ་འཕྲིན་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལག་ཐོགས་ཁ་པར་དང་། དྲ་རྒྱ། རིག་ནུས་ཀྱི་མཐའ་སྣེའི་སྒྲིག་ཆས་བཅས་རྒྱ་ཁྱབ་ངང་སྤྱད་པས་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཕན་འབྲས་ཐོན་ཡོད།

    ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་ད་ཡོད་ཀྱི་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་གྱི་ལས་སྟེགས་དང་ཐོན་ཁུངས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་པ་དང་། “ཚན་རིག་ཁྱབ་གདལ་གྱི་བོད་ལྗོངས”ལས་སྟེགས་དང་བོད་ཡིག་གི་ཞིང་འབྲོག་ཆ་འཕྲིན་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ། “ཚན་རིག་ཁྱབ་གདལ་གྱི་བོད་ལྗོངས”མཐའ་སྣེའི་སྒྲིག་ཆས་40དང་བོད་ཡིག་གི“སྒུལ་བདེའི་ཚན་རིག་ཁྱབ་གདལ”གྱི་རིག་ནུས་ཞབས་ཞུའི་མཐའ་སྣེའི་སྒྲིག་ཆས་400སྒྲིག་སྦྱོར་བྱས་ནས་སྤྲད་པ་དེར་ལྟ་མཁན་མི་ཐེངས་ཁྲི་15ཟིན་ཡོད། ལྷ་ས་གྲོང་ཁྱེར་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཚན་རིག་ཁྱབ་གདལ་གྱི་ལེ་ཚན་ཐེངས་300ལྷག་ཙམ་བཏང་བ་དང་། “ཚན་རྩལ་རིགས་གཅིག་མཁས་ཅན་ཐད་གཏོང་ནང་གདན་དྲངས་པའི”ལེ་ཚན་གཉེར་བ། གསན་པ་པོ་ཁྲི་3ལྷག་ཙམ་མཉམ་སྒུལ་ནང་ཞུགས་པ། ཉིང་ཁྲི་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཚན་རིག་ཁྱབ་གདལ་ཀྲུང་གོའི་སློབ་གྲྭའི་Eས་ཚིགས་དང་གྲོང་གསེབ་ཀྱི་Eས་ཚིགས་ཐོག་མ་དེ་བཙུགས་པ་དང“ཉིང་ཁྲིའི་ཚན་རིག་ལག་རྩལ་ཆ་འཕྲིན་དྲ་བ”སྐྲུན་ཡོད། གཞིས་རྩེ་དང་། ནག་ཆུ། མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་གྱིས་ཚན་རིག་ཁྱབ་གདལ་གྱི་ལག་ཐོགས་ཁ་པར་གྱི་ཚགས་པར་བརྒྱུད་ཚན་རིག་ཁྱབ་གདལ་གྱི་ཤེས་བྱའི་སྐོར་གྱི་ནང་དོན་ཁྲི་10ལ་ཉེ་བ་འོས་སྦྱོར་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།