དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་དམར་འབྱར་གོག་བགྲོད་བྱེད་དུ་བཅུག་ན་ཕན་ཐོགས་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-26

    ས་སྟེང་དུ་གདན་སོགས་བཏིང་ནས་ཕྲུ་གུ་དམར་འབྱར་གོག་བགྲོད་བྱེད་དུ་འཇུག་དགོས།

    ཕྲུ་གུའི་མདུན་དུ་ཕྲུ་གུས་དགའ་པོ་བྱེད་པའི་རྩེད་ཆས་འཇོག་པ་མ་ཟད། མིང་ནས་འབོད་དེ་གོག་བགྲོད་བྱེད་སྟངས་སློབ་དགོས།

    ཕྲུ་གུ་དམར་འབྱར་གོག་བགྲོད་བྱེད་དུ་བཅུག་ན་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། ཕ་མས་ཕྲུ་གུར་བདེ་འཇགས་ལྡན་པའི་གོག་བགྲོད་བྱ་ཡུལ་ཞིག་གཏོད་ནས་ཕྲུ་གུས་གོག་བགྲོད་བྱེད་པར་ལྕག་སྐུལ་བྱེད་དགོས།

    ཕྲུ་གུས་ཇི་ཙམ་ནས་གོམ་པ་སྤོ་མིན་ཐད་ཁྱིམ་བདག་གིས་ཕྲུ་གུ་སོ་སོའི་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་ལས། གོམ་པ་སྤོ་ཐུབ་པའི་ཕྲུ་གུ་གཞན་དག་དང་བསྡུར་བ་བྱ་རྒྱུ་མེད། གལ་ཏེ་ཕྲུ་གུ་དབང་པོ་སྐྱོན་ཅན་མིན་ཚེ་གཟུགས་པོའི་འཚར་ལོངས་ལ་བརྟེན་ནས་རང་བཞིན་གྱིས་འགྲོ་ཐུབ་ཀྱི་ཡོད་ཅིང་། དེ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་ལ། རང་བྱུང་ཁམས་ཆེ་མོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་ཡིན་པས། མྱུ་གུ་འཐེན་ནས་སྐྱེ་རོགས་ཞེས་པའི་དཔེ་ལྟར་བྱ་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།