དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གོམ་པ་སྔ་པོ་སྤོ་མཁན་ཕྲུ་གུ་སྤྱང་གྲུང་དོད་པ་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-20

    ཕྲུ་གུས་གོམ་པ་སྔ་པོ་སྤོས་ཚེ་རྗེས་སུ་སྤྱང་པོ་ཡོད་པའི་ཤོད་སྟངས་དེ་རིགས་ཚན་རིག་དང་མཐུན་གྱི་མེད། སྤྱིར་ཕྲུ་གུ་ལོ་གཅིག་ལ་སླེབས་སྐབས་གོམ་པ་སྤོ་ཤེས་མོས། འོན་ཀྱང་ཕྲུ་གུ་ཁག་གཅིག་དེ་ལས་སྔ་བ(ཕྲུ་གུ་3%ཙམ་ཟླ་བ་དགུ་ནས་གོམ་པ་སྤོ་ཤེས་ཀྱི་ཡོད)ཁག་གཅིག་དེ་བས་ཕྱི་བ(ལོ་གཉིས་སྐབས)སྤོ་ཤེས་ཀྱི་ཡོད། དབང་རྩའི་མ་ལག་དང་རུས་པ་དང་ཤ་སྟོབས་ཐད་ཀྱི་ནད་གཞི་ཕུད། གོང་གསལ་གྱི་གནས་ཚུལ་ཚང་མ་རྒྱུན་གཏན་རེད།

    གོམ་པ་སྔ་པོ་སྤོ་མཁན་ཁྱིམ་རྒྱུད་ཀྱི་ཕྲུ་གུ་ཡང་གོམ་པ་སྔ་པོ་སྤོ་གི་ཡོད། གོམ་པ་ཕྱི་པོ་སྤོ་མཁན་ཕྲུ་གུ་མང་ཆེ་བ་གོམ་པ་སྤོ་མི་ཤེས་པ་མིན་པར་ཕལ་ཆེ་བ་བློ་ཁོག་ཆུང་བའམ་ཡང་ན་རྡབ་ཡོང་སྙམ་པའི་ཞེད་སྣང་སྐྱེ་བས་རེད། གཞན་ཡང་། ཁག་གཅིག་ནི་ཕ་མས་གཅེས་སྐྱོང་བྱེད་དྲགས་ནས་ཕྲུ་གུ་རང་རྐྱ་འཕེར་ཐུབ་ཀྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།