དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུས་བའི་འོ་མ་འཇུ་ཁག་ཙམ་ཡོད་རྐྱེན་དང་ཕྲུ་གུར་འོ་མ་སྟེར་དུས་ཨ་མས་ཡིད་གཟབ་བྱེད་རིཌ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-18

    བའི་འོ་མའི་ནང་ཚིལ་རྒྱུ་འཇུ་བའི་ཚིལ་མའེ་མེད་པ་མ་ཟད། ཕྱུར་སྤྲི་དཀར་རྣམས་འཇུ་དཀའ་བའི་རྡོག་རྡོག་ཆགས་པར་བརྟེན། བའི་འོ་མ་ཕྲུ་གུས་འཇུ་ཁག་ཙམ་ཡོད། བའི་འོ་མ་འཇུ་འགོར་བ་དང་དེ་ཕྲུ་གུའི་ཕོ་རྒྱུའི་ནང་སྡོད་པའི་དུས་ཚོད་ཨ་མའི་འོ་མ་ལས་རིང་བར་བརྟེན། ཕྲུ་གུ་གྲོད་པ་ལས་སླ་པོར་ལྟོགས་ཀྱི་མེད། བའི་འོ་མ་སྟེར་རྗེས་ཕྲུ་གུའི་བཙོག་པ་ཅུང་སྐམ་པོ་དང་བཙོག་པ་འབབ་དཀའ་བའི་གནས་ཚུལ་ཐོན་སླ་པོ་ཡོད།

    སྔ་ས་ནས་བའི་འོ་མ་སྟེར་བའི་ཕྲུ་གུར་དབུགས་འཚང་ནད་དང་རློན་འབྲུམ་ཐོན་པ་སོགས་མ་འཕྲོད་པའི་གནས་ཚུལ་ཅུང་མང་ཙམ་ཐོན་སྲིད།

    འཇིབ་རུ་སྟེར་བའི་ཕྲུ་གུས་ཨ་མའི་འོ་མར་དགའ་པོ་བྱེད་མི་སྲིད་པ་དང་། འཇིབ་ཏོག་དང་ཨ་མའི་འོ་མ་འཛོལ་ནས་ཨ་མའི་འོ་མ་སྟེར་ཐབས་མེད་པ་ཆགས་ཀྱི་ཡོད།

    དེར་བརྟེན་གལ་ཏེ་ཨ་མར་ནད་དུག་རང་བཞིན་གྱི་མཆིན་ནད་དོས་དྲག་དང་འདུས་འདྲིལ་གློ་གཅོང་སོགས་ཀྱི་འགོ་ནད་དམ་ཡང་ན་སྨྱོ་ནད་ལངས་པའི་དུས་དང་། ཕྲུ་གུ་སྐྱེས་རྗེས་ཀྱི་སེམས་སྦུག་དོག་པའི་ནད་ཚབས་ཆེན། དེ་བཞིན་སྙིང་དང་མཁལ་མའི་ནད་གཞི་ཚབས་ཆེན་སོགས་མེད་ཚེ་ཕྲུ་གུར་ཡག་ཤོས་བྱུང་ན་འོ་རྩམ་སྟེར་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།