
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭའི་གནམ་གཤིས་ས་ཚིགས་དང་པོ་གྲོ་མོ་རྫོང་སློབ་འབྲིང་གི་སློབ་གྲྭར་གནམ་གཤིས་ས་ཚིགས་བདེ་བླག་ངང་བསྐྲུན་པ་དང་འབྲེལ། སློབ་མར་སྒོ་མོ་འབྱེད་ཡོད་། འདི་ནི་གྲོ་མོ་རྫོང་སློབ་འབྲིང་གིས་གཞིས་རྩེའི་འཕྲུལ་མི་དང་པོ་དང་3Dཔར་འདེབས་ཀྱི་རྣམ་པ་གསར་པའི་ཚོད་ལྟ་ཁང་བཏོད་པ་དང་དེ་བཞིན་རང་ལྗོངས་ཀྱི“ཀྲུང་གོའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་སློབ་གསོའི(ESD)ཚོད་ལྟའི་སློབ་གྲྭ”འབའ་ཞིག་དེར་གྱུར་རྗེས་ཀྱི་ཚན་རིག་ཁྱབ་གདལ་གསར་གཏོད་ཀྱི་སློབ་གསོའི་རྣམ་གྲངས་གཞན་ཞིག་ཡིན་ཞིང་། འདི་ནི་གནམ་གཤིས་ལག་རྩལ་མི་སྣས་སློབ་མར་སློབ་གྲྭའི་གནམ་གཤིས་ས་ཚིགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་བའི་གནས་ཚུལ་ཡིན་པ།