དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-02-05

    《གླིང་སྒྲུང》ནི“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག”ཅིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། དེའི་ནང་ཤོད་རྒྱུན་ཁྲོད་ཀྱི་བོད་རིགས་ཀྱི་དཔའ་བོ་གེ་སར་རྒྱལ་པོས་བདུད་འདུལ་སྲི་གནོན་ནས་མི་སེར་ལ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་བརྗོད་ཡོད། ད་ཆ་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས་ང་ཚོས་བྱི་རྟགས་མནན་ཚེ་ལོ་རྒྱུས་ཡུན་རིང་ལྡན་ལ་གནའ་ཉམས་དོད་པའི་འགྱུར་ཁུག་དེ་ཉན་ཐུབ་ཀྱི་ཡོད།

    བོད་ཀྱི་གྲངས་འཛིན་རིག་གནས་ཀྱི་དྲ་ཐོག་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དྲ་ཚིགས་ཀྱི་གཉེར་སྐྱོང་ལས་ཀའི་འགན་འཁུར་མཁན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དྲ་རྒྱ་པུའི་ཀྲུའུ་རེན་བཀྲ་ཤིས་རྒྱལ་པོས་ངོ་སྤྲོད་བྱས་པར། བོད་ཀྱི་གྲངས་འཛིན་རིག་གནས་དྲ་བར་མིག་སྔར་རང་བཟོས་ཀྱི་ཁྱད་ལྡན་ཐོན་ཁུངས་663ཡོད་པའི་ནང་བརྙན་ལམ་གྱི་ཐོན་ཁུངས་661ཡོད་པ་དང་སྐད་ལམ་གྱི་ཐོན་ཁུངས་ཆུ་ཚོད་2300ལྷག་ཙམ་ཟིན་ཡོད།

    བོད་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའི་ཁྲུའུ་ཀྲང་མིག་དམར་གྱིས“སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་བྱས་པ་ལས་ཚང་མར་དེ་བས་སྟབས་བདེ་བའི་སྒོ་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ངོ་སྤྲོད་ཐུབ་པས་རིག་གནས་སྤེལ་རེས་བྱ་རྒྱུར་ཕན་པ་ཡོད”ཅེས་བཤད།

    ད་ལྟ་གཞི་རིམ་གྱི་ཞིང་འབྲོག་པ་དེ་བས་མང་བས་གྲངས་འཛིན་རིག་གནས་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་ཅིང་། མིག་སྔར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཕུད་བོད་རང་སྐྱོང་ལྗོངས་སུ་རིག་གནས་མཉམ་སྤྱོད་འདུ་འགོད་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་ས་གནས་དང་གྲོང་ཁྱེར་རིམ་པའི་ཉིང་ལག་ལྟེ་གནས་3དང་། རྫོང་རིམ་པའི་ཉིང་ལག་ལྟེ་གནས་74 ཤང་དང་གྲོང་རྡལ་གྱི་གཞི་རིམ་ཞབས་ཞུའི་ས་ཚིགས་692བཅས་བསྐྲུན་ཡོད་པ་རེད།

    ཉེ་ཆར། བོད་ཀྱི་གྲངས་འཛིན་རིག་གནས་དྲ་བ་དེ“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ”དང“སྒྲ་རིག་པའི་རིམ་སྤེལ་འཆད་ཁྲིད”སོགས་ལེ་ཚན་གྱི་ནང་དོན་དུ་སླར་ཡང་གསར་བརྗེས་བྱས་ཡོད། 2016ལོའི་ཟླ་6པར་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། མིག་སྔའི་བར་བོད་ཀྱི་གྲངས་འཛིན་རིག་གནས་དྲ་བའི་རྒྱ་ཡིག་པར་མར་ལྟ་མཁན་བསྡོམས་འབོར་ཁྲི་བརྒྱ་ལས་བརྒལ་བ་དང་བོད་ཡིག་པར་མར་ལྟ་མཁན་གྱི་བསྡོམས་འབོར་ཡང་རྒྱུན་མཐུད་ངང་འཕར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།