དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕུན་སུམ་ཚོགས་པའི་གུང་གསེང་གི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-19

    ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས་སོགས་ཕྱོགས་ཡོངས་འཕེལ་རྒྱས་དང་གཞོན་ནུ་ལོ་ཆུང་གི་གཟུགས་པོ་དང་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྔར་བས་མཐོང་ཆེན་བྱས་ནས་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།

    ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུའི་གུང་གསེང་རིང་གི་འཚོ་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་འདི་ལོའི་དགུན་ཁའི་གུང་གསེང་ཇི་ལྟར་བྱས་ནས་གཏོང་གི་ཡོད་དམ་ཞེ་ན། ཞབས་བྲོ་སྦྱོང་བ་དང་། རྩེད་མོ་རྩེ་བ། གླུ་གཞས་གཏོང་བ། སློབ་སྦྱོང་བྱེད་པ་སོཌ་གསར་འགོད་པས་ཕྲུ་གུ་ཚོའི་ཕུན་སུམ་ཚོགས་པའི་གུང་གསེང་གི་འཚོ་བ་པར་དུ་བླངས་ནས་གུང་གསེང་རིང་བག་ཕེབས་སྤྲོ་སྣང་ལྡན་པ་ཞིག་མངོན་པར་བྱས་ཡོད། ལྷ་སར་དགུན་ཁའི་གུང་གསེང་ཟླ་བ་གཉིས་ཡོད་པས་ཇི་ལྟར་བྱས་ནས་གུང་གསེང་གི་འཚོ་བ་ཡག་པོ་སྐྱེལ་བའི་ཐད་ཁྱིམ་བདག་ཚོར་རང་རང་གི་ཇུས་ཤིག་ཡོད་པ་སྟེ། ལ་ལས་ཕྲུ་གུར་རོལ་ཆ་དང་། མིག་མངས་དང་། ཡིག་གཟུཌ། རི་མོ་བཅས་སློབ་པར་བཏང་ནས་བློ་སྦྱོང་ཡོང་བར་བྱེད་པ་དང་། ལ་ལས་ཕྲུ་གུ་ཞབས་བྲོ་འཁྲབ་པ་དང་ལུས་རྩལ་རྩེ་བར་བཏང་ནས་གཟུཌ་པོ་ཐང་པོ་ཡོང་བར་བྱེད་ཀྱི་ཡོད།

    ལྷ་ས་གངས་རྩེད་གསོ་སྦྱོང་ལྟེ་གནས་སུ་ཕྲུ་གུ་ཚོ་ཙོག་གེར་བསྡད་ནས་རྒན་ལགས་ཀྱིས་བོད་ཡིག་གི་ཡིག་གཟུགས་ཁྲིད་པ་ནན་ཏན་ངང་ཉན་པ་དང་། ཕྲུ་གུ་ཚོས་སྨྱུག་རིལ་བཟུང་ནས་སྣག་ཚ་རྨོག་སྟེ་ནན་ཏན་ངང་སྨྱུག་ཁམ་རེ་རེ་བཞིན་འབྲི་གིན་ཡོད། གསོ་སྦྱོང་སྒྲིག་གཞིའི་དགེ་རྒན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཡིག་ཡིག་གཟུགས་སློབ་ཚན་ལ་ཁྱིམ་བདག་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེའི་རྒྱུ་མཚན་ནི་ཕྲུ་གུ་ཚོར་བོད་ཡིག་ཤེས་པ་མ་ཟད། ཕྲུ་གུའི་འཚར་ལོངས་ཐད་ལའང་ཕན་ཐོགས་ཆེན་པོ་ཡོད་ལ། བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན་པས་རེད། བོད་ཡིག་ཡིག་གཟུགས་སྦྱོང་མཁན་ལོ་རེ་ལས་ལོ་རེ་མང་བ་འདུག་ཅེས་ངོ་སྤྲོད་བྱས།

    རང་སྐྱོང་ལྗོངས་མང་ཚོཌ་སྒྱུ་རྩལ་ཁང་གི་ཞབས་བྲོ་གསོ་སྦྱོང་ལྟེ་གནས་སུ་ཕྲུ་གུ་ཆུང་ཆུང་ཚོས་ཞབས་བྲོ་སྦྱོང་བའི་གྱོན་ཆས་གྱོན་ནས་རྒན་ལགས་ཀྱི་ཁྲིད་སྟོན་འོག་ཞབས་བྲོ་འཁྲབ་བཞིན་པ་ང་ཚོས་མཐོང་བྱུང་། ཁྱིམ་བདག་ཚོས་ཟླ་བ་གཉིས་ཀྱི་གུང་གསེང་རིང་ཕྲུ་གུ་ཚོར་ཞབས་བྲོ་སྦྱང་དུ་བཅུག་པ་ལས་ཕྲུ་གུ་ཚོའི་གཟུཌ་པོར་སྦྱོང་བརྡར་ཐེབས་པ་མ་ཟད། ཕྲུ་གུ་ཚོའི་མཉམ་སྡེབ་ཀྱི་འདུ་ཤེས་ཟབ་ཏུ་སོང་ནས་གུང་གསེང་གི་འཚོ་བ་ཕུན་སུམ་ཚོཌ་སུ་གྱུར་པས་དངོས་གནས་ཡག་པོ་འདུག་ཅེས་བཤད།

    རོལ་ཆ་སློབ་སྦྱོང་ཐད། ཉེ་བའི་ལོ་ཤས་རིང་། གླིང་བུ་དང་། ཡང་ཆིན། སྒྲ་སྙན་སོགས་སྲོལ་རྒྱུན་གྱི་མི་རིགས་རོལ་ཆར་ཕྲུ་གུ་ཚོས་དགའ་པོ་བྱེད་པ་དང་། ལྷག་དོན་དུ་སྒྲ་སྙན་འཛིན་གྲྭར་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་སྒྲ་སྙན་འཛིན་གྲྭར་ཕྲུ་གུ་ཆུང་ཆུང་ཚོས་སྒྲ་སྙན་དཀྲོལ་གཏོང་ལ་རྦད་དེ་དབྱིངས་ཞུགས་ཏེ་སྲོལ་རྒྱུན་གྱི་མི་རིགས་རོལ་ཆ་དཀྲོལ་གཏོང་མྱོང་རོལ་ཐུབ་ཡོད། ཞབས་བྲོ་ཕུད་ལུས་རྩལ་རིགས་ཀྱི་བྱེད་སྒོ་ཆུ་རྐྱལ་དང་ཐའེ་ཆོན་དྲག་རྩལ་ལའང་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    འདི་ནི་ཟླ་1ཚེས་7ཉིན་ཕྲུ་གུ་ཚོས་མང་ཚོཌ་སྒྱུ་རྩལ་ཁང་གི་ཞབས་བྲོའི་སློབ་ཁང་དུ་ཞབས་བྲོ་སྦྱོང་བཞིན་པ།

    ཟླ་1ཚེས་4ཉིན་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་དྲུག་པའི་བསྟན་འཛིན་མཁའ་འགྲོ(གཡོན)དང་ཁོང་གི་གྲོགས་མོས་དཔེ་མཛོད་ཁང་གི་ལྟ་ཀློག་ཁང་དུ་སློབ་ཕྱིའི་དེབ་ལྟ་བཞིན་པ།

    འདི་ནི་ཟླ་1ཚེས་10ཉིན་སློབ་མ་ཚོས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དཔེ་ཀློག་ཁང་དུ་དེབ་ལྟ་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ཕྱི་རོལ་དུ་ལན་ཆིའུ་སྤོ་ལོ་རྒྱག་བཞིན་ཡིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སློབ་གསོ(ལུས་རྩས)ཅུས་ཀྱིས་གཉེར་བའི་དགུན་སྒར་བྱེད་སྒོའི་ཁྲོད་ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོ་རྒྱག་སྟངས་སྦྱོང་བཞིན་པ།

    འདི་ནི་ཟླ་1ཚེས་5ཉིན་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཞབས་བྲོའི་དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཚོར་མགོ་རྒྱན་སྤྲོས་བཞིན་པ།

    འདི་ནི་ཟླ་1ཚེས་7ཉིན་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་དགེ་རྒན་གྱིས་ཕྲུ་གུ་ཚོར་ཡང་ཆིང་དཀྲོལ་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།