དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་སྤོ་བོ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-01-15

    མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རྫོང་ཁོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཏེ། སྤྱི་དམངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ངོས་འཛིན་ཟབ་ཏུ་གཏོང་ཆེད། ཉེ་བའི་ལོའི་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས“མངོན་མིན་རིག་གནས་ཤུལ་བཞག”རྒྱུན་འཛིན་དང་སྲུང་སྐྱོབ་གཙོ་བོར་བྱས་པ་མ་ཟད། སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཐབས་མི་འདྲ་བ་སྤྱད་དེ་སྤོ་བོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་གཙོ་བོ་སློབ་གྲྭར་ཕྱོགས་པ་རེད།

    470691_yis_1515559119211.jpg

    འདི་ནི་སྤོ་བོ་རྫོང་གིས་སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི“སྤོ་བྲོ”འགྲན་བསྡུར་བྱེད་བཞིན་པ།

    470692_yis_1515559120802.jpg

    འདི་ནི་སྤོ་བོ་རྫོང་གིས་སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པར་བདམས་ཐོན་པ་ཚོས་ལན་རྒྱག་བཞིན་པ།

    470754_yis_1515562946801.jpg

    འདི་ནི་སྤོ་བོ་རྫོང་གིས་སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་རྫས་སྟོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།