བང་གསོ་སྐབས་གཟུགས་པོ་བཀྲུ་ཆོག་མོད། འོན་ཀྱང་དོ་སྣང་བྱེད་དགོས་ཁ་ཤས་ཡོད། དབྱར་ཁ་ཚ་གདུག་ཆེ་བས་ཟླ་གཅིག་རིང་གཟུགས་པོ་མ་བཀྲུས་ན་བདེ་པོ་མེད་ལ་ཐ་ན་མཚན་མར་གཉན་ཁའང་རྒྱག་སྲིད།
གལ་སྲིད་ཕྲུ་གུ་སྐྱེས་རྗེས་མཚན་མར་གཉན་ཁ་མེད་ཚེ་དབྱར་ཁར་ཕྲུ་གུ་བཙས་རྗེས་ཀྱི་ཉིན་2ནས་3བར་དང་དགུན་ཁར་ཉིན་5ནས་7སོང་རྗེས་གཟུགས་པོ་བཀྲུ་ཆོག ཡིན་ན་ཡང་དབྱར་ཁར་ཆུ་གྲང་མོས་གཟུགས་པོ་བཀྲུ་མི་ཉན། གཞན་ཡང་། བཙོག་ཆུ་མཚན་མར་འགོས་ནས་གཉན་ཁ་འགོག་ཆེད། རབ་བྱུང་ན་ཁྲུས་གཞོང་ནང་གཟུགས་པོ་བཀྲུ་རྒྱུ་མེད་ལ། གཟུགས་པོ་བཀྲུ་བའི་དུས་ཚོད་ཀྱང་རིང་མི་རུང་། སྤྱིར་གཟུགས་པོ་བཀྲུ་བའི་དུས་ཚོད་སྐར་མ་5ནས་10ཙམ་བྱས་ན་འཚམ། དགུན་ཁ་གཟུགས་པོ་བཀྲུ་སར་་དྲོད་ཚད་རན་པོ་དགོས། གཟུགས་པོ་བཀྲུས་ཟིན་རྗེས་ལམ་སེང་གཙང་མ་ཕྱིས་ནས་གྱོན་གོས་གྱོན་རྗེས་ལུས་པོ་མི་འཁྱག་པ་དང་རླུང་མི་ཕོག་པ་བྱེད་དགོས།
གལ་ཏེ་ཕྲུ་གུ་སྐྱེས་རྗེས་མཚན་མར་གཉན་ཁ་ཆེ་བའམ་ཡང་ན་གྲོད་ཁོག་གཤགས་པ་ཡིན་ཕྱིན་རྨ་ཁ་རྦད་དེ་གསོས་རྗེས་གཞི་ནས་གཟུགས་པོ་བཀྲུ་དགོས།