དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངལ་འཁོར་བའི་སྐབས་སྦྲུམ་མས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-07

    མངལ་འཁོར་བའི་སྐབས་གཟའ་འཁོར་གཅིག་ལ་སྦྱོང་བརྡར་ཐེངས་ག་ཚོད་བྱེད་དགོས་སམ།

    སྤྱིར་བཏང་བྱས་ན་གཟའ་འཁོར་གཅིག་ལ་ཐེངས་ཁ་ཤས་བྱེད་དགོས་པ་དང་དགོས་ངེས་སྐབས་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་མང་ཉུང་ལེགས་སྒྲིག་བྱེད་དགོས།

    མངལ་འཁོར་བའི་སྐབས་འཕུར་མཉེད་བཏང་ན་བདེ་འཇགས་དང་ལྡན་ནམ།

    མངལ་འཁོར་རིང་གཟུགས་པོར་འཕུར་མཉེད་བཏང་ན་སྤྱིར་ན་བདེ་འཇགས་ཡིན་མོད། འོན་ཏེ་བུ་སྣོད་བསྡུ་འཁུམ་གྱི་ཚོར་སྣང་སྐྱེན་པའི་གནས་དཔེར་ན། ནུ་མ་དང་བརླ་ཤའི་ནང་ངོས་ཟུག་གཟེར་མ་བརྒྱབ་སྔོན་འགོག་བྱེད་དགོས།

    དུས་བཀག་འཕུར་མཉེད་ལ་ཞི་ལྷོད་དུ་གཏོང་བ་དང་། ངལ་དུབ་གསོ་བ། ན་ཟུག་གཅོག་པ། ལྷག་པར་དུ་སྒལ་ཟུག་འཇགས་པ་བཅས་ཀྱི་ཕན་པ་ཡོད།

    གལ་ཏེ་སྦྲུམ་མས་སྨན་བཟས་ནས་ཕྲུ་གུར་གནོད་པའི་སེམས་ཁྲལ་བྱུང་ཚེ་གདབ་དམིགས་ལ་འཕུར་མཉེད་བཏང་ན་ཆོག དེ་འདྲ་བྱས་ན་ཆམ་པ་ཕོག་པ་དང་། མགོ་ན་བ། མགོ་ཡུ་འཁོར་བ། སྣ་འགག་པ། གློ་རྒྱག་པ་བཅས་ལ་སྨན་བཅོས་དང་སྔོན་འགོག་གི་ཕན་པ་གཉིས་ལྡན་ཡོང་ཐུབ།

    མངལ་འཁོར་རིང་འཕུར་མཉེད་བྱེད་སྐབས་གང་འཛེམ་དགོས་སམ།

    མངལ་འཁོར་ནས་ཟླ་བ་གསུམ་ནང་ཚུན་དུ་སྒལ་པ་དང་ལྟོ་བར་འཕུར་མཉེད་བྱ་མི་རུང་།

    རྩི་ཤིང་གི་བཅུད་སྣུམ་ཁ་ཤས་ལ་སྐུམ་སྡུད་ཀྱི་ནུས་པ་ལྡན་པས་ཡག་ཤོས་བྱུང་ན་བེད་སྤྱོད་གཏོང་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།