ཉེ་ཆར། ལྷོ་རོང་རྫོང་གིས་ཤང(གྲོང་རྡལ)11གི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་132དང་གཞི་རིམ་གྱི་ཕྱུགས་རིམས་འགོག་བཅོས་པ་29ལ་རྩལ་ནུས་གསར་པ་དང་ཤེས་བྱ་གསར་པ་ཁྲིད་པ་རེད།
གསོ་སྦྱོང་བྱེད་རིང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་གདན་ཞུས་ནས་གསོ་སྦྱོང་ལ་ཞུགས་མཁན་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་དང་གཞི་རིམ་གྱི་ཕྱུགས་རིམས་འགོག་བཅོས་པར་ཞིང་འབྲོག་ལས་སྐོར་གྱི་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་ཁྲིད་པ་དང་། ལྷོ་རོང་རྫོང་ཞིང་འབྲོག(ཚན་རྩལ)ཅུས་དང་རྫོང་ཕྱུགས་རིམས་འགོག་བཅོས་ས་ཚིགས་ཀྱི་འགན་འཁུར་བས་གཞི་རིམ་གྱི་ཞིང་འབྲོག་ལས་དོན་མི་སྣ་161ལ་ཞིང་འབྲོག་ལས་ཀྱི་རྩལ་ནུས་ཞིབ་ཕྲ་ཁྲིད་པ་རེད།