དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་གཞི་རིམ་གནམ་གཤིས་ཞབས་ཞུ་དོ་སྙོམས་ཅན་ལ་མཆོང་སྐྱོད་གསར་པ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-24

    གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ས་དགའ་རྫོང་གནམ་གཤིས་ཅུས་བཙུགས་པ་དང་བསྟུན་ནས། གཞིས་རྩེ་གྲོང་ཁྱེར་གྱི་གསར་དུ་བཙུགས་པའི་རྫོང་རིམ་པའི་གནམ་གཤིས་གཙོ་གཉེར་སྒྲིག་གཞིའི་སྒོ་བྱང་འགེལ་བའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་སྦྲགས། ལས་གཉེར་བྱེད་འགོ་ཡང་ཚུགས་ཏེ་རྫོང་ཚང་མར་གནམ་གཤིས་གཙོ་གཉེར་སྒྲིག་གཞི་ཡོད་པའི་གསར་བཙུགས་རྫོང་གནམ་གཤིས་ཅུས་འཛུགས་སྐྲུན་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་སྟེ་གཞི་རིམ་གནམ་གཤིས་ཞབས་ཞུ་དོ་སྙོམས་ཅན་ལ་མཆོང་སྐྱོད་གསར་པ་བྱུང་ཡོད་པ་རེད།

    “སྐྱིད་གྲོང་དཔེ་དབྱིབས”ཀྱི་སྔོན་ཐོན་ཉམས་མྱོང་ལྟར། 2016ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་གནས་སྐབས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མ་བྱས་པའི་ཕན་ནུས་རྣམ་པའི་གནམ་གཤིས་ཅུས་དེ་བྱིངས་ཀྱི་སྒོ་བྱང་འགེལ་བའི་ལས་དོན་ཧུར་ཐག་སྤེལ་བ་དང་། 2016ལོར་ས་སྐྱ་དང་། བཞད་མཐོང་སྨོན། འབྲོང་པ། པ་སྣམ། རིན་སྤུངས་བཅས་རྫོང་གི་གནམ་གཤིས་ཅུས་གཅིག་རྗེས་གཉིས་མཐུད་ངང་སྒོ་བྱང་བཀལ་ནས་བཙུགས་པ་དང་། འདི་ལོའི་ཟླ་བརྒྱད་པ་ཚུན་དུ། ས་དགའ་དང་། ངམ་རིང་། གམ་པ། ཁང་དམར་བཅས་རྫོང་གི་གནམ་གཤིས་ཅུས་གཅིག་རྗེས་གཉིས་མཐུད་ངང་སྒོ་བྱང་བཀལ་ནས་བཙུགས་པ་དང་། རྫོང་ཁག་གི་གནམ་གཤིས་ཅུས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་བཀོད་འདོམས་པུས་ཀྱང་ནུས་པ་སྔར་བས་ཆ་ཚང་རིམ་བཞིན་འདོན་སྤེལ་བྱེད་འགོ་ཚུགས་པ་རེད།

    དེ་དང་ཆབས་ཅིག རྫོང་ཁག་གི“ཞིང་གསུམ”ཆེད་དོན་ཞབས་ཞུ་ཇུས་གཞིར་བརྟེན་ནས་གསར་དུ་བཙུགས་པའི་རྫོང་གནམ་གཤིས་ཅུས་ཁག་གིས་ཐོལ་བྱུང་སྤྱི་པའི་དོན་རྐྱེན་གྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བཀོད་སྒྲིག་དང་བཀོལ་སྤྱོད་ལས་དོན་སྤེལ་ནས། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཤང་གྲོང་གནམ་གཤིས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། རྫོང་ཁག་གི་ཞིང་ལས་དང་། འབྲོག་ལས། ནགས་ལས། ཡུལ་སྐོར་ལས་རིགས་བཅས་དང་དེ་བཞིན་མཐའ་མཚམས་ས་ཁུལ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། གཙོ་གནད་ཐོག་ཆེད་དོན་གནམ་གཤིས་འགན་སྲུང་ཞབས་ཞུ་སྣ་ཚོགས་བྱས་པ་དང་། གསར་དུ་བཙུགས་པའི་རྫོང་གནམ་གཤིས་ཅུས་ཁག་གིས་མངོན་གསལ་དོད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།