དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་35ལ་སླེབས་པའི་སྦྲུམ་མས་ཕྲུ་གུ་མ་བཙས་གོང་ངེས་པར་དུ་བརྟག་དཔྱད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-23

    ཚོགས་སྤྱིའི་ཁྲོད་བརྟག་དཔྱད་བྱས་པ་ལྟར་ན། ལོ་35ལ་སླེབས་པའི་སྦྲུམ་མས་བྱིས་པ་ཡ་མ་གཟུགས་བཙའ་བའི་ཉེན་ཁ་ལོ་དེ་ལས་ཆུང་བའི་བུད་མེད་ལས་ལྡབ་10ཙམ་གྱིས་མཐོ་བ་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་འགའ་ཞིག་གིས་ལོ་35ལ་སླེབས་པའི་སྦྲུམ་མས་ངེས་པར་དུ་ཕྲུ་གུ་མ་བཙས་གོང་བརྟག་དཔྱད་བྱས་ནས་ཕྲུ་གུ་ཐང་པོ་མེད་པ་འདིའི་རིགས་བཙའ་རྒྱུ་སྔོན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། རང་རྒྱལ་དུ་ལག་རྩལ་ཆ་རྐྱེན་གྱི་ཚད་བཀག་ཕོག་པ་དང་ལྷག་པར་དུ་ཐག་རིང་ས་ཁུལ་དུ་ལོ་35ལ་སླེབས་པའི་སྦྲུམ་མ་མང་པོ་ཞིག་ལ་དོན་དངོས་ཐོག་ཞབས་ཞུ་དེ་འདྲ་བསྒྲུབ་ཐུབ་མེད། གྲོང་ཁྱེར་ཆེན་པོར་ཡོད་པའི་ལོ་35ལ་སླེབས་པའི་སྦྲུམ་མ(སྐྱེས་པ་ལོ་55ལ་སླེབས་པ)འམ་ཡང་ན་ལོ་35ཡན་ལ་སླེབས་པའི་སྦྲུམ་མས་ཡག་ཤོས་བྱུང་ན་གྲོང་ཁྱེར་ནང་གི་སྨན་ཁང་ཆེན་པོར་བསྐྱོད་དེ་ཕྲུ་གུ་མ་བཙས་གོང་གི་བརྟག་དཔྱད་བྱས་ནས་ཕྲུ་གུ་ཡ་མ་གཟུགས་སྐྱེ་རྒྱུ་སྔོན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།