གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་20ནས་26ཉིན་བར)
གཟའ་མིག་དམར་ནས་ཕུར་བུའི་བར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་འཁོར་ཉུང་བ་ནས་མང་དུ་འགྲོ་རྒྱུ། གངས་བབས་རྗེས་དབུས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་ལྷོ་རྒྱུད་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
གཟའ་འཁོར་འདིའི་ནང་ལྗོངས་ཡོངས་སུ་ཆར་པ་འབབ་ཉུང་བ་དང་ལྷགས་པ་ཆེན་པོ་རྒྱག་མང་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ས་ཡོམ་ཁུལ་གྱིས་ཆར་པ་འབབ་པ་དང་དྲོད་ཚད་ཆག་པ་ལས་ཤུགས་རྐྱེན་ངན་པ་མ་ཐེབས་སྔོན་འགོག་བྱེད་དགོས།