ཆང་རག་འཐུང་བ་ནི་ཀྲུང་གོ་བ་མང་ཆེ་བའི་བཟའ་བཏུང་གི་གོམས་གཤིས་ཤིག་རེད། འོན་ཀྱང་ཆང་རག་འོས་འཚམ་བཏུངས་ན་ལས་རྗེས་ཀྱི་ངལ་དུབ་སེལ་བ་སོགས་ཀྱི་ནུས་པ་ལྡན་ཡོད། གལ་ཏེ་སྦྲུམ་མས་ཆང་རག་ཚད་མེད་བཏུངས་ན་གནོད་འཚེ་ཧ་ཅང་ཆེ་ལ་དེས་མངལ་གནས་ཕྲུ་གུར་ཨ་རག་ཉིང་ཁུའི་ཕྱོགས་བསྡུས་ནད་ཕོག་གི་ཡོད།
མངལ་གནས་ཕྲུ་གུའི་ཨ་རག་ཉིང་ཁུའི་ཕྱོགས་བསྡུས་ནད་ལ་གཞན་དང་མི་འདྲ་བའི་ནད་རྟགས་ཡོད་པ་སྟེ།
1. མངལ་གནས་ཕྲུ་གུ་སྐྱེ་འཚར་འགོར་བ་དང་། གཟུགས་པོའི་རིང་ཚད་དང་ལྗིད་ཚད་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ་དང་།
2. ལྟེ་བའི་དབང་རྩའི་མ་ལག་གི་ནུས་པའི་འགོག་རྐྱེན་ནི་ནད་རྟགས་འདིའི་མཇུག་འབྲས་ཚབས་ཆེན་ཞིག་རེད། དེའི་མཚོན་ཚུལ་ནི་དབང་རྩ་འཚར་ལོངས་བྱུང་ཚད་གཟུགས་པོའི་རིང་ཚད་དང་ལྗིད་ཚད་ལས་དམའ་བ་ཡོད་པས་ཕྲུ་གུ་སྐྱེས་རྗེས་རིག་སྟོབས་ཞན།
3. མགོ་བོའི་བཟོ་ལྟ་གཞན་དང་མི་འདྲ་བ་ཡོད་ཅིང་། ནད་ཐོག་སྨན་བཅོས་ཁྲོད་རྒྱུན་མཐོང་གི་གདོང་གི་དཀྱིལ་ཞེང་ཆེ་ལ་སྙོམས་པ་དང་། སྣ་གདོང་ཆེ་ལ་དམའ་བ། སྣ་ཁུང་ཐུང་ལ་གྱེན་དུ་འཕྱར་བ། མཆུ་གཤོངས་ཐུང་བ། ཡ་མཆུ་སྐྱེ་འཚར་ཡག་པོ་མ་བྱུང་བའམ་ཡང་ན་མཆུ་གཤོངས་མེད་པ་སོགས་ཡིན།
4. ཡ་མ་གཟུགས་གཞན་སྣ་ཚོགས་སྟེ། དཔེར་ན། སྙིང་ཁྲག་དང་། གཅིན་ཟགས་སྐྱེ་འཕེལ་དབང་པོ། པགས་པ། ཀེང་རུས་སོགས་ཡ་མ་གཟུགས་རེད།
དེར་བརྟེན་སྦྲུམ་མས་ཆང་རག་འཐུང་མི་རུང་ལ་ཐ་ན་མངལ་འཁོར་མ་ཐག་གི་ཟླ་2ནས་3བར་ཆང་རག་དེ་བས་འཐུང་མི་རུང་། གཞན་ཡང་སྦྲུམ་རྟེན་གྱི་སྤུས་ཚད་འགན་ལེན་བྱ་ཆེད། པ་ཕ་ཆགས་ལ་ཉེ་བ་ཚོས་ཀྱང་རང་ཉིད་ཀྱི་བཟའ་ཟླ་མངལ་མ་སྦྲུམ་གོང་ནས་ཆང་རག་སྤོང་དགོས།