དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཇོ་མོ་གླང་མའི་འདབས་སུ་མྱུར་སྐྱེལ་གྱིས་ངོ་མཚར་ཅན་གྱི་མིག་ཤེལ་བསྐྱལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-10-30


    446599_yis_1509005818663.jpg


    ཉེ་ཆར། བོད་ལྗོངས་གཞིས་རྩེའི་དིང་རི་རྫོང་དུ་ཚའེ་ཉའོ་དྲ་རྒྱའི་ལས་དོན་མི་སྣས་མྱུར་སྐྱེལ་གྱི་མཁའ་ལམ་དེད་དེ་ངོ་མཚར་ཅན་གྱི་མིག་ཤེལ་ཇོ་མོ་གླང་མའི་འདབས་ཀྱི་བཀྲ་ཤིས་འཛོམས་ལྟེ་བའི་སློབ་ཆུང་དུ་བསྐྱལ་ཡོད། ངོ་མཚར་ཅན་གྱི་མིག་ཤེལ་ལས་གསལ་བའི་མངོན་སུམ་ལྟར་གྱི་སྣང་ཚུལ་ལ་སློབ་མ་ཚོས་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད། འདི་ནི་ཇོ་མོ་གླང་མའི་འདབས་ཀྱི་བཀྲ་ཤིས་འཛོམས་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས་Holoensམིག་ཤེལ་དང་། VRམིག་ཤེལ། ARམིག་ཤེལ་བཅས་ལ་ཉམས་ལེན་བྱེད་ཐེངས་དང་པོ་ཡིན་པ་རེད། ཇོ་མོ་གླང་མའི་འདབས་ཀྱི་བྱིས་པ་ཚོས་དར་སོ་ཆེ་ཤོས་ཀྱི་ཚན་རྩལ་ལ་བརྟེན་པས་ཕྱི་རོལ་གྱི་འཇིག་རྟེན་ལ་མཚར་སྣང་ཆེ་རུ་ཕྱིན་ཡོད།


    ན་ནིང་ཟླ་དགུ་པར་ཇོ་མོ་གླང་མའི་འདབས་སུ་ས་བབ་མཐོ་ཤོས་ཀྱི་མྱུར་སྐྱེལ་ས་ཚིགས་ཏེ། ཇོ་མོ་གླང་མའི་ཚའེ་ཉའོ་ས་ཚིགས་བཙུགས་ཡོད། མྱུར་སྐྱེལ་མཁའ་ལམ་བཏོད་པ་དེས་ཡུལ་དེའི་ཆེད་ལས་ཀྱི་མྱུར་སྐྱེལ་ལམ་ཐིག་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ཇོ་མོ་གླང་མའི་འདབས་ཀྱི་སློབ་ཆུང་དང་ཕྱི་རོལ་དབར་འབྲེལ་བ་སྔར་ལས་ཇེ་མང་དུ་སོང་ཡོད།


    གྲོང་ཁྱེར་ནང་གི་ཅ་དངོས་ངོ་མཚར་ཅན་དེ་དག་མྱུར་སྐྱེལ་བརྒྱུད་ཟམ་མི་ཆད་པར་དེ་གར་འབྱོར་ཡོད། སློབ་གྲྭ་གནས་སའི་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ནི་དིང་རི་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ས་བབ་སྨི་4119ཟིན་ཞིང་། འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དང་བར་ཁྱད་སྤྱི་ལེ་49ལས་མེད།


    འདི་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་དུ་མྱུར་སྐྱེལ་གྱི་མཁའ་ལམ་དེད་དེ་ཚའེ་ཉའོ་དྲ་རྒྱའི་ལས་དོན་མི་སྣས་ངོ་མཚར་ཅན་གྱི་མིག་ཤེལ་ཇོ་མོ་གླང་མའི་འདབས་ཀྱི་བཀྲ་ཤིས་འཛོམས་ལྟེ་བའི་སློབ་ཆུང་དུ་བསྐྱལ་བ་དང་། ངོ་མཚར་ཅན་གྱི་མིག་ཤེལ་ལས་གསལ་བའི་མངོན་སུམ་ལྟར་གྱི་སྣང་ཚུལ་ལ་སློབ་མ་ཚོས་ཡ་མཚན་ཆེན་པོ་བྱེད་པའི་གནས་ཚུལ་ཡིན་པ།


    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།