ཉེ་བའི་ལོ་ཤས་རིང་ལྷ་སའི་གྲོང་མི་ཚོའི་ཁྲག་སྦྱིན་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་དུས་མཚུངས་མི་ཚོགས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་མང་ཚོགས་ཁྲོད་ཁྲག་སྦྱིན་རྒྱུན་ཆད་མེད་པར་ཁྱབ་གདལ་བྱུང་བ་དེས་སྲོག་ཉེན་ཡོད་པའི་ནད་པ་མང་པོ་སྐྱོབ་བཅོས་ཐུབ་ཡོད་ལ་དེ་བས་ལྷ་ས་གྲོང་ཁྱེར་གྱི་ཁྲག་སྦྱིན་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅིང་། འདི་ནི་ཁྲག་སྦྱིན་རླངས་འཁོར་ཐོག་ཁྲག་སྦྱིན་གཏོང་རྩིས་ཡོད་པའི་གྲོང་མི་ཟླ་བ་ཡིན་པ།