དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མས་ཐ་མག་འཐེན་པའམ་ཡང་ན་གཞན་བརྒྱུད་ཀྱིས་དུ་བ་འཐེན་ན་མངལ་གནས་ཕྲུ་གུར་གནོད་པ་གང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-09

    ཐ་མག་གི་དུ་བའི་ནང་གྲུབ་ཆ་1200ལྷག་ཙམ་ཡོད་པའི་ཁྲོད་ཀྱི་གནོད་འཚེ་ཚབས་ཆེ་ཤོས་ནི་དབྱང་གཅིག་ཐཱན་འགྱུར་དང་། ཉི་ཀུའུ་ཏིང་། འཚིག་སྣུམ་བཅས་རེད།

    སྦྲུམ་མས་མངལ་འཁོར་སྐབས་ཐ་མག་འཐེན་པའམ་ཡང་ན་གཞན་བརྒྱུད་ཀྱིས་དུ་བ་འཐེན་ན་མངལ་གནས་ཀྱི་ཕྲུ་གུར་གཤམ་གསལ་གྱི་གནོད་འཚེ་ཕོག་པ་སྟེ།

    1. ཐ་མག་འཐེན་ན་མངལ་གནས་ཀྱི་ཕྲུ་གུ་སྐྱེ་འཚར་འགོར་བ་དང་།

    2. སྦྲུམ་མས་མངལ་འཁོར་རིང་ཐ་མག་འཐེན་ན་ཕྲུ་གུ་ཤོར་བའི་ཉེན་ཁ་ཐ་མག་མ་འཐེན་མཁན་ལས་ལྡབ་1.2ནས་1.7བར་གྱིས་མཐོ་བ་ཡོད་པ།

    3. ཐ་མག་འཐེན་ཚེ་ལྷན་སྐྱེས་ཡ་མ་གཟུགས་སྐྱེ་ཚད་མཐོ་རུ་འགྲོ་བས་ཐ་མག་འཐེན་མཁན་སྦྲུམ་མར་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་ཀྱི་ཕྲུ་གུ་སྐྱེ་ཚད་ཐ་མག་མ་འཐེན་མཁན་ལས་ལྡབ་2.3གྱིས་མཐོ་བ་ཡོད་པ།

    4. སྦྲུམ་མས་མངལ་འཁོར་རིང་ཐ་མག་འཐེན་པ་དང་ཡང་ན་གཞན་བརྒྱུད་ཀྱིས་དུ་བ་འཐེན་ཚེ་མངལ་གནས་ཀྱི་ཕྲུ་གུར་འབྲས་སྐྲན་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད། བྱིས་པའི་སྐབས་སུ་འབྲས་སྐྲན་སྣ་ཚོགས་ཐོན་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པ་བཅས་སོ།

    གོང་དུ་བརྗོད་པ་ལྟར་མངལ་འཁོར་རིང་ཐ་མག་འཐེན་མཁན་གྱི་སྦྲུམ་མས་ངེས་པར་དུ་ཐ་མག་འཐེན་མཚམས་འཇོག་དགོས་ལ་ཐ་མག་མ་འཐེན་མཁན་གྱི་སྦྲུམ་མས་ཀྱང་གཞན་བརྒྱུད་ཀྱི་དུ་བ་ལས་གཡོལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།