དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ཀྱི་བར་ཁྱམས་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-09

    གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ཀྱི་བར་ཁྱམས་འཛུགས་སྐྲུན་བྱས་པ་དང་། མིག་སྔར་བོད་ཆའང་དབྱིས་གསུམ་གྱི་ཐོན་ལས་གཙོ་གནད་རྣམ་གྲངས་19ཕྱོགས་ཡོངས་ནས་ལས་འགོ་བཙུགས་པར་མ་དངུལ་ཁྱོན་སྒོར་དུང་ཕྱུར་43.3བཏང་བ་རེད།

    བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ཀྱི་བར་ཁྱམས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད་རང་ལྗོངས་ཀྱིས་འབྲེལ་ཡོད་ལས་དོན་གྱི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྡེ་ཚན་མཉམ་འབྲེལ་གྲོས་ཚོགས་བཙུགས་ཏེ་ལྗོངས་ཡོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱས་པ་རེད། གཙོ་གནད་རྣམ་གྲངས་མཛོད་བཙུགས་ཏེ་བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་དང《བོད་རང་སྐྱོང་ལྗོངས་ཀྱི་བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་ཆེད་དོན་འཆར་འགོད》བཟོས་ཏེ་བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་གཙོ་གནད་རྣམ་གྲངས་དེ《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད》ཀྱི་བཀྲག་མདངས་འཚེར་སའི་ལས་གྲྭར་བརྩིས་ནས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།