ཉེ་ཆར། རུ་ཐོག་རྫོང་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པའི་དྲོད་ཁང་སྔོ་ཚལ་འདེབས་རྩལ་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་བྱེད་མཇུག་བདེ་བླག་ངང་འགྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲོད་ཁང་སྔོ་ཚལ་འདེབས་འཛུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་སློབ་མ་ཁྱོན་26ཞུགས་ཤིང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་སྤྱི་གནོད་མེད་པའི་སྔོ་ཚལ་གྱི་རྫས་ལུད་རྒྱག་སྟངས་དང་རྒྱུན་མཐོང་ནད་འབུའི་གནོད་འཚེ་སྔོན་འགོག་ལག་རྩལ་སོགས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རུ་ཐོག་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས“རྟེན་གཞི་འཛུགས་སྐྲུན་དང་། ཐོན་ལས་དར་རྒྱས། ཁྲོམ་ར་རྒྱ་སྐྱེད”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྔོ་ཚལ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ། ལག་རྩལ་ཤེས་པ་དང་འདེགས་འཛུགས་མཁས་པའི་དྲོད་ཁང་སྔོ་ཚལ་འདེབས་འཛུགས་དཔུང་ཁག་ཁག་གཅིག་གསོ་སྐྱོང་བཅས་བྱས་ནས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དེང་རབས་ཅན་གྱི་འཐབ་ཇུས་མངོན་འགྱུར་ལ་ཤེས་ལྡན་པའི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།