སྐྱེད་མར་མངལ་འཁོར་རིང་གཟུགས་པོ་ཐང་པོ་དགོས་པ་དང་འཚོ་བཅུད་འཛོམ་པོ་དགོས་པ་ནི་མངལ་གནས་ཕྲུ་གུ་བདེ་ཐང་ངང་འཚར་སྐྱེ་ཡོང་བའི་རྨང་གཞི་གལ་ཆེན་ཞིག་རེད། གལ་སྲིད་མངལ་འཁོར་རིང་སྐྱེད་མར་ཡུན་རིང་གསོ་རླུང་མི་འདང་བའམ་ཡང་ན་ནད་གཞི་ཁག་གཅིག་ཕོག་ཚེ(དཔེར་ན། སྙིང་ནད་དང་། ཟུངས་ཁྲག་ཉམས་པའི་ནད། ཟས་མི་འཇུ་བ་སོགས་སམ་ཡང་ན་མངལ་འཁོར་སྐབས་སུ་འཚོ་བཅུད་མི་འདང་བ)མངལ་གནས་ཕྲུ་གུ་འཚར་སྐྱེ་འགོར་བའམ་ཡང་ན་ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་སྲིད། ད་དུང་རྗོད་རིན་ཡོད་པ་ཞིག་ནི་སྐྱེད་མའི་ལོ་ནའི་གནས་ཚུལ་ཡིན་པ་དང་གལ་ཏེ་སྐྱེད་མ་ལོ་35འམ་ཡང་ན་དེ་ཡན་ལ་སླེབས་རྗེས་མངལ་འཁོར་ཚེ་དེར་ཕྲུ་གུ་སྐྱོན་ཅན་སྐྱེ་སྲིད་པའི་ཉེན་ཁ་ལོ་ན་རང་ལས་ཆུང་བའི་བུད་མེད་ལས་ལྡབ་10ཙམ་གྱིས་མཐོ་བ་ཡོད།