གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་9ཚེས་18ནས་24ཉིན་བར)
གཟའ་ཟླ་བ་ནས་ལྷག་པའི་བར་ནག་ཆུའི་དབུས་ནུབ་རྒྱུད་དང་གཞིས་རྩེར་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་ཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་ཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་ཕུར་བུ་ནས་ཉི་མའི་བར་མངའ་རིས་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆར་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། གཟའ་ཕུར་བུ་ནས་ཉི་མའི་བར་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བའི་དྲོད་ཚད་དམའ་ཤོས་ཆག་རྒྱུ་ཡིན་པ།
གཉིས། གྲོས་འགོ
1.སྟོན་དུས་ཞོགས་པ་དང་དགོང་མོར་དྲོད་ཚད་ཧེ་བག་ཆེ་བས་དུས་ཐོག་ཏུ་གྱོན་གོས་མཐུག་ཏུ་དང་སྲབ་ཏུ་གཏོང་དགོས།
2.གོ་སྐབས་ནུས་ལྡན་དམ་འཛིན་བྱས་ཏེ་ལོ་ཏོག་བརྔ་བསྡུ་དང་གཡུལ་ལས་གཏོང་དགོས།