དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མར་རླུང་འབྲུམ་ནད་ཕོག་ན་མངལ་ཆགས་ཕྲུ་གུར་གནོད་པ་གང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-06

    རླུང་འབྲུམ་ནད་ནི་རླུང་འབྲུམ་ནད་དུག་ལས་བྱུང་བའི་ནད་དུག་རང་བཞིན་གྱི་འགོ་ནད་ཅིག་རེད། སྦྲུམ་མར་མངལ་ཆགས་ནས་ཟླ་བ་བཞིའི་རིང་རླུང་འབྲུམ་ནད་དུག་འགོས་ན་ཕྲུ་གུ་ལྷན་སྐྱེས་ཡ་མ་གཟུགས་ལ་འགྱུར་སྲིད་པ་དང་ནད་དུག་དེས་མངལ་ཆགས་ཕྲུ་གུ་དང་ཕྲུ་གུ་དམར་འབྱར་ལ་གནོད་པ་ཤིན་ཏུ་ཆེན་པོ་ཡོད།

    རླུང་འབྲུམ་ནད་དུག་འགོས་རྗེས་ཟླ་བ་གཉིས་ནས་གསུམ་བར་སོང་རྗེས་ཚ་བ་རྒྱས་པ་དང་། གློ་རྒྱག་པ། སྣ་ལུད་ཐོན་པ་སོགས་དབུགས་འབྱིན་དབང་པོར་གཉན་ཚད་རྒྱས་པའི་ནད་རྟགས་ཐོན་པ་དང་དེ་ནས་པགས་འབྲུམ་ཐོན་ཏེ་སྐེའི་རྨེན་གཤེར་སྐྲངས་ཀྱི་ཡོད། རླུང་འབྲུམ་ནད་གཞི་ལས་ལངས་པའི་པགས་འབྲུམ་ཉིན་དང་པོར་ལུས་པོ་ཡོངས་ལ་སྐྱེ་བ་དང་ཉིན་གཉིས་པ་ནས་བཟུང་རིམ་བཞིན་ཡལ་ཏེ་ཉིན་གསུམ་པར་སླེབས་སྐབས་སྤྱིའི་ཆ་ནས་མེད་པར་འགྱུར་གྱི་ཡོད།

    མངལ་འཁོར་ནས་ཟླ་བ་བཞི་སོང་རྗེས་རླུང་འབྲུམ་ནད་དུག་འགོས་ན་ནད་དུག་བུ་སྣོད་བརྒྱུད་མངལ་ཆགས་ཕྲུ་གུར་འགོས་ཏེ་སྐྱ་གྲིབ་སོགས་མིག་གི་དབང་རྩར་གནོད་པ་དང་། སྙིང་ཁམས་ཁྲག་རྩའི་མ་ལག་ལ་འགྱུར་ལྡོག་འགྲོ་བ་དང་། རྣ་བ་འོན་པ། མགོ་བོ་ཆུང་དྲགས་པ་སོགས་ཡོང་གི་ཡོད། རྣ་བ་འོན་པ་དང་། སྐྱ་གྲིབ་ནད་ཕོག་པ། སྙིང་ཁམས་ཁྲག་རྩའི་མ་ལག་ལ་གནོད་པ་བཅས་ལ་ལྷན་སྐྱེས་རླུང་འབྲུམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ནད་རྟགས་གསུམ་ཞེས་བརྗོད། སྦྲུམ་མར་རླུང་འབྲུམ་ནད་དུག་འགོས་རྗེས་སྐྱེས་པའི་ཕྲུ་གུར་སྣང་ཚུལ་གསུམ་ཡོད་དེ། དང་པོ་ཕྲུ་གུ་སྐྱེས་རྗེས་ནད་རྟགས་གང་ཡང་མེད་པ་དང་། གཉིས་པ་ཕྲུ་གུ་སྐྱེས་རྗེས་དཔེ་མཚོན་གྱི་ནད་རྟགས་མངོན་པ། གསུམ་པ་ཕྲུ་གུ་སྐྱེ་སྐབས་ནད་རྟགས་མེད་པ་དང་སྐྱེས་ནས་གཟའ་འཁོར་འགའ་ཤས་དང་། ཟླ་བ་འགའ་ཤས། ལོ་འགའ་ཤས་བཅས་རྗེས་གཞི་ནས་ནད་རྟཌ་ཐོན་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།