དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་འགོག་སྨན་ཟ་མཚམས་བཞག་ནས་དུས་ཚོད་ཇི་ཙམ་སོང་རྗེས་མངལ་ཆགས་ན་འཚམ་པ་དང་ཕྲུ་གུ་སྐྱེ་ཤོར་ཐེབས་པའི་རྒྱུ་རྐྱེན་གང་དག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-09

    སྨན་ནུས་ཅུང་རིང་བའི་སྦྲུམ་འགོག་སྨན་ཟ་མཁན་གྱིས་སྨན་ཟ་མཚམས་བཞག་ནས་ལོ་ཕྱེད་སོང་རྗེས་མངལ་ཆགས་ན་འཚམ་པ་དང་། སྨན་ནུས་འཕྲལ་མར་ཐོན་པའི་སྨན་ཟ་མཁན་ཚོས་སྨན་ཟ་མཚམས་བཞག་ནས་ཟླ་3སོང་རྗེས་མངལ་ཆགས་ན་ཅུང་བཟང་།

    ཕྲུ་གུ་སྐྱེ་ཤོར་ཐེབས་པ་ཞེས་པ་ནི་མངལ་བསྟུད་མར་ཐེངས་གསུམ་ཡན་རང་བཞིན་གྱིས་ཤོར་བར་ཟེར་ཞིང་། དེ་ནི་རྒྱུ་རྐྱེན་མང་དག་ཅིག་ལས་ཐོན་པ་ཞིག་ཡིན་ཏེ། རྒྱུན་མཐོང་གི་རྒྱུ་རྐྱེན་ནི།

    (1)ཁྱོ་ཤུག་གཉིས་པོའམ་ཡང་ན་ཕྱོགས་གཅིག་གི་ཚོས་ལེན་རྫས་ཕྲ་ཡག་པོ་མེད་པར་སྦྲུམ་རྟེན་འཚར་སྐྱེ་ཡག་པོ་མ་བྱུང་བ་དང་།

    (2)མངལ་མ་ཆགས་གོང་སྐྱེས་པས་དུས་ཡུན་རིང་པོའི་ནང་ཁམས་དཀར་ལ་གནོད་པའི་ལས་ཀ་བྱས་པ།

    (3)མངལ་མ་ཆགས་གོང་བུད་མེད་ཀྱིས་དུས་ཡུན་རིང་པོའི་ནང་སྦྲུམ་རྟེན་ལ་གནོད་པའི་ལས་ཀ་བྱས་པ།

    (4)སྦྲུམ་མར་འཚོ་བཅུད་ཚབས་ཆེན་མི་འདང་བ་ལས་སྦྲུམ་རྟེན་འཚར་སྐྱེ་ཡག་པོ་མ་བྱུང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།