དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕོ་མོ་གཉིས་ཀ་ལྷན་སྐྱེས་འོན་པ་ཡིན་ཚེ་རྗེས་རབས་པར་ནད་འདི་འབྱུང་བའི་ཉེན་ཁ་ཆེ་ཆུང་ཇི་ཙམ་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-08

    རྒྱུད་ཁྲིད་རང་བཞིན་གྱི་ནད་རིགས་120ལྷག་ཙམ་ཡོད་པ་ཚང་མས་ཐོས་ཤེས་ཉམས་པར་བྱེད་པ་དང་། མངོན་ཡོད་ཚོས་ལེན་རྫས་ཕྲ་རྒྱུད་ཁྲིད་པའི་དབང་གིས་ལྷན་སྐྱེས་འོན་པ་ཆགས་པའི་ཉེན་ཁ་50%ལས་ཆེ་བ་ཡོད་པ་དང་། མངོན་མེད་ཚོས་ལེན་རྫས་ཕྲ་གལ་ཏེ་གཞི་རྒྱུ་གནས་ཡུལ་གཅིག་མཚུངས་ཡིན་པའི་རྐྱེན་གྱིས་རྒྱུད་ཁྲིད་པ་ཡིན་ཚེ་རྗེས་རབས་པ་ལྷན་སྐྱེས་འོན་པར་གྱུར་པའི་ཉེན་ཁ་100%ཟིན་པ་དང་། གཞི་རྒྱུའི་གནས་ཡུལ་གཅིག་མཚུངས་མ་ཡིན་པར་གློ་བུར་དུ་གྱུར་པའམ་ཡང་ན་རྗེས་རབས་པའི་ཁྲག་རྒྱུ་མི་འདྲ་བའི་སྐབས་ནད་དེ་རིགས་ཕོག་གི་མེད། སྐུད་རིལ་གཟུགས་ཀྱི་ལྷན་སྐྱེས་ནད་རྗེས་རབས་པ་ཚང་མར་འགོས་པའི་ཉེན་ཁ་ཡོད་ཀྱང་ཡོད་དོ་ཅོག་ལ་ནད་དེ་ཕོག་མི་སྲིད། གཞན་ཡང་སྐྱེད་མ་ཁག་གཅིག་ལ་ཕྲུ་གུ་འཁོར་རིང་ནད་དུག་འགོས་པའི་དབང་གིས་ལྷན་སྐྱེས་འོན་པ་ཆགས་པའང་ཡོང་གི་ཡོད་ཅིང་། གནས་ཚུལ་དེ་རིགས་ནི་རྒྱུད་ཁྲིད་རང་བཞིན་མ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།