སྟོན་དགུན་དུས་ཚིགས་གཉིས་སུ་བྱིས་པའི་ཕོ་བ་དང་རྒྱུ་མར་གཉན་ཁ་རྒྱས་ནས་གྲོད་པ་བཤལ་བའི་ནད་ཡང་སེ་ཕོག་སྟེ་སྒོང་འབྲས་མདོག་གི་བཙོག་པ་སླ་པོ་གཏོང་གི་ཡོད། དེས་ན་སྦྱོར་རྟ་བྱས་པའི་འོ་རྩམ་སྟེར་བཞིན་པའི་བྱིས་པ་གྲོད་པ་བཤལ་མཚམས་མ་ཆད་བར་མངར་ཆ་མེད་པའི་འོ་རྩམ་སྟེར་དགོས་པ་མ་ཟད། གཟའ་འཁོར་གཅིག་ནས་གཉིས་བར་མུ་མཐུད་སྟེར་དགོས། དུག་སྲིན་འགོག་སྨན་གྱིས་འོ་མའི་མངར་ཆ་བཟོད་ཐུབ་ཀྱི་མེད་པས་བྱིས་པའི་གྲོད་པ་བཤལ་བའི་ནད་ལྕི་རུ་འགྲོ་སྲིད། དེར་བརྟེན་དུག་སྲིན་འགོག་སྨན་ཅི་འདྲ་ཞིག་ཡིན་རུང་གཏན་ནས་སྤྱོད་མི་ཆོག ཁྱིམ་དུ་ཡང་དག་པའི་ལྟ་སྐྱོང་བྱེད་སྟངས་ནི་བརླན་སྣོན་ལུགས་མཐུན་བྱེད་དགོས་ཤིང་། སྨན་པས་སྦྱོར་སྡེ་བྱས་པའི་སྨན་གཙོ་བོར་བཟུང་སྟེ་ལུས་ཆུ་མི་ཟད་པ་བྱེད་དགོས། བྱིས་པར་ཁ་ལག་ལུགས་མཐུན་སྟེར་དགོས་ཤིང་། འཇུ་བདེ་བའི་བཟའ་བཏུང་གཙོ་བོར་བསྟེན་དགོས། ནུ་མ་འཐུང་རིང་ཨ་མའི་ནུ་མ་སྟེར་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་འོ་མ་སྟེར་སྐབས་ཐེངས་གྲངས་མང་པོ་དང་འབོར་ཚད་ཉུང་ཉུང་བྱེད་དགོས། འཐུང་ཆུའི་ནང་ཚྭ་དང་མངར་ཆ་འོས་འཚམ་འདེབས་དགོས། ཆུ་ཚོད་དྲུག་ནས་བརྒྱད་བར་གཅིན་པ་མེད་པའམ་ཡང་ན་སྐྱུག་ལྡང་བྱས་ཚེ་དུས་ཐོག་ཏུ་སྨན་ཁང་ལ་འཁྲིད་དགོས།