དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཟས་མི་འཇུ་བའི་དབང་གིས་གྲོད་པ་བཤལ་སྐབས་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-18

    ཕྲུ་གུའི་འཚོ་བཅུད་ཟས་གསབ་ཚད་འཚམ་པོ་མ་བྱུང་བའམ་ཡང་ན་ན་ནས་བདེ་པོ་མ་བྱུང་བ་དང་། ཁོར་ཡུག་འགྱུར་ལྡོག གནམ་གཤིས་འགྱུར་ལྡོག་སོཌ་ཀྱི་རྒྱུ་རྐྱེན་མང་པོའི་དབང་གིས་ཟས་མ་འཇུ་ཚེ་གྲོད་པ་བཤལ་སྲིད། ན་ཟུག་ཛ་དྲག་པའམ་ཡང་ན་ཅུང་དལ་བ་རིཌ་གཉིས་བྱུང་བ་ལས་ཉིན་གཅིག་ལ་བཙོག་པ་ཐེངས་10མན་བབ་པ་དང་མདོག་ལྗང་སེར་ཡིན་པའི་ཁར་སྐྱུར་དྲི་བྲོ་བའམ་ཡང་ན་བཙོག་པའི་ནང་ཚི་སྣ་དང་འཇུ་མ་ཐུབ་པའི་འོ་སྤྲི་ཅུང་ཟད་འདྲེས་ཡོད།

    སྔོན་ལ་གྲོད་པ་བཤལ་བའི་རྒྱུ་རྐྱེན་འཚོལ་དགོས། སྤྱིར་ན་ཟས་འཛེམས་རྒྱུ་མེད། འོན་ཀྱང་ཟ་ཚོད་རན་པོ་བྱེད་དགོས། ཉིན་ལྟར་དེ་སྔོན་གྱི་ཚད་གཞིའི་བརྒྱ་ཆ་70ནས་80བར་ཟ་ཆོག་ལ་མཉེན་པ་དང་། ཞིམ་པ། འཇུ་བདེ་བ་བཅས་ཀྱི་ཟས་རིགས་སྟེར་དགོས་པ་དཔེར་ན། འོ་མ་སླ་པོ་དང་འབྲས་ཁུ་སོགས་ཡིན། གཞན་ཡང་བརླན་སྟེར་ནས་ལུས་ཆུ་ཟད་པ་རྣམས་གསབ་དགོས་པ་དང་ཆ་རྐྱེན་འཛོམས་རིགས་ཀྱིས་སྨན་ཆུ་བླུགས་ནས་བཅོས་ཐབས་བྱེད་དགོས།

    ཟས་མི་འཇུ་བའི་རིགས་ཀྱི་གྲོད་པ་བཤལ་བར་སྤྱིར་ན་དུག་སྲིན་འགོག་སྨན་སྟེར་རྒྱུ་མེད་པར་ཟས་འཇུ་བར་ཕན་པའི་སྨན་སྟེར་ན་འགྲིག ནམ་རྒྱུན་ནས་ནད་གཡོག་ཡག་པོ་རྒྱུག་སྟེ་གཉན་ཁ་གསར་པ་མ་རྒྱས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།