
ཉེ་ཆར། “གཅེས་སེམས་ཆེན་པོ་གཅིག་ཏུ་འདུས། བདེ་ཐང་རོགས་རམ་དམངས་སེམས་དྲོ”ཞེས་པའི་བརྗོད་དོན་གཙོ་བོའི“2017ལོའི་སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བོད་སྐྱོད་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་ཁག་ཏུ་མུ་མཐུད་སྤེལ་བཞིན་ཡོད། ཟླ་7ཚེས་8ཉིན་ནས་བཟུང་རྒྱལ་སའི་སྨན་དོན་ལས་དོན་པ་8ལས་གྲུབ་པའི་སྤོ་བོ་རྫོང་གི་མཆིན་པའི་ཐུམ་འབུའི་ནད་གྲལ་བཤེར་ཚོགས་ཆུང་སྤོ་བོ་རྫོང་གི་གྲོང་གསེབ་ཁག་ཏུ་བསྐྱོད་དེ་མཆིན་པའི་ཐུམ་འབུའི་ནད་གྲལ་བཤེར་ལས་དོན་སྤེལ་བར་བརྟེན་བོད་རིགས་ས་ཁུལ་གྱི་མི་དམངས་ལ་བདེ་ཐང་བྱིན་པ་མ་ཟད། “བདེ་ཐང་ཀྲུང་གོ”དང“གནད་སྨིན་དབུལ་སྐྱོར”གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་ཞིང་། འདི་ནི་ཟླ་7ཚེས་11ཉིན་རྒྱལ་སའི་སྨན་དོན་ལས་དོན་པས་བོད་ལྗོངས་སྤོ་བོ་རྫོང་རྡོ་རྗེ་ཤང་ཇོ་ལམ་གྲོང་ཚོར་ཐུམ་འབུའི་ནད་གྲལ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།