དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་གཤམ་སྤེལ་བྱེད་སྐབས་མང་ཚོགས་དང་འབྲེལ་འདྲིས་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-12

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཚན་རྩལ་གཤམ་སྤེལ་བྱེད་སྒོ་སྤེལ་གྲངས་མང་དུ་དང་སྤེལ་ཤུགས་ཆེ་རུ་བཏང་ཞིང་། ཞིང་བྲེལ་གོང་དང་ཞིང་དལ་དུས་སུ་རྒྱུན་མི་ཆད་པར་སྤེལ་ནས་ཞིང་འབྲོག་པར་འཕྲལ་མཁོ་ཆེ་བའི་ཞིང་འབྲོག་ཚན་རྩལ་དང་བདེ་ཐང་འཕྲོད་སྦྱོར་སོགས་ཀྱི་ཚན་རིག་ཁྱབ་གདལ་ཤེས་བྱ་སྒོ་རྩར་ཁྱབ་གདལ་གཏོང་བར་བསྐྱོད་ནས་ཚན་རིག་ཁྱབ་གདལ་བྱེད་སྒོའི་དམིགས་སའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ཡོད། དུས་ཐོག་ཆར་པ་ཇི་བཞིན་ཚན་རྩལ་ཁྱབ་གདལ་བཏང་བར་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་མོད།

    འོན་ཏེ་སྨྱུག་འཛིན་པས་ཚན་པ་འགའ་ཞིག་གིས་སྤེལ་བའི་ཚན་རྩལ་གཤམ་སྤེལ་བྱེད་སྒོ་ཕྱི་ཚུལ་ཙམ་དུ་སོང་ནས་ཚན་རྩལ་ཤེས་བྱ་ཞིང་འབྲོག་པའི་སེམས་ནང་དངོས་འབྲེལ་ཟུག་ཐུབ་པ་བྱུང་མེད་ལ་ཚན་རིག་ལག་རྩལ་མི་སེར་གྱི་བློ་ལ་བབ་པ་ཞིག་ཀྱང་བྱུང་མེད་པ་ཤེས་རྟོགས་བྱུང་། ཚན་རྩལ་གཤམ་སྤེལ་བྱེད་སྒོ་དེ་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་དགོས། ཕྱི་ཚུལ་ཙམ་གྱི་བྱ་སྤྱོད་དེ་རིགས་སྤེལ་བའི་དབང་དུ་བཏང་ནའང་ཕན་པ་ནི་ཏིལ་འབྲུ་ཙམ་རེད།

    གཅིག་ནས་ཚན་རྩལ་གཤམ་སྤེལ་ལ་ཁྲོམ་རའི་དཔལ་འབྱོར་དང་འདྲ་བར་མཁོ་དགོས་ཀྱི་འབྲེལ་བ་ཞིག་དགོས། དེ་འདྲ་བྱུང་ན་གཞི་ནས་ཕན་འབྲས་དངོས་ཐོན་རྒྱུ་རེད། ཞིང་འབྲོག་པའི་དགོས་མཁོ་ལྟར་ཆེད་དམིགས་དཔྱད་གཞིའི་ཡིག་རིགས་མང་དག་གྲ་སྒྲིག་བྱེད་པ་དང་། ཞིང་འབྲོག་པའི་དགོས་མཁོ་དེ་ཚན་རྩལ་མི་སྣའི་ལས་དོན་གཙོ་བོ་ཞིག་ཏུ་བརྩི་བ། ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་ཚན་རིག་ཤེས་བྱའི་སྒོ་མོ་འབྱེད་པ། ཞིང་འབྲོག་པའི་དགོས་མཁོ་དག་ཚན་རྩལ་གཤམ་སྤེལ་གྱི་གནས་བབ་གཙོ་བོའི་ཐོག་འཇོག་པ་བཅས་བྱས་ན་དཀའ་ལས་ཆུང་ཡང་འབྲས་བུ་ཆེ་བའི་ནུས་པ་ཞིག་ཐོན་རྒྱུ་རེད།

    གཉིས་ནས་ཚན་རྩལ་གཤམ་སྤེལ་བྱེད་སྟངས་སྣ་ཚོགས་ཡོད་པ་བྱེད་དགོས། དགེ་རྒན་ཆེ་མོ་བས་ཁེངས་སྐྱུང་ལྡན་པ་ཞིག་བྱས་ན་སློབ་མར་གཞི་ནས་སྒུལ་ཤུགས་ཞིག་ཡོང་རྒྱུ་རེད། ཚན་རྩལ་མི་སྣས་ཞིང་ནང་དུ་བསྐྱོད་དེ་སྙིང་གཏམ་ཤོད་རེས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པའི་རྣམ་པའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དགོས། ཚན་རྩལ་གཤམ་སྤེལ་བྱེད་སྐབས་མི་མང་ཉུང་དང་སྤེལ་ཡུལ་ཡག་ཉེས་ལ་བལྟ་རྒྱུ་མེད། ཞིང་འབྲོག་མང་ཚོགས་ལ་དགོས་མཁོ་ཡོད་ན་སློབ་ཁྲིད་གཏིང་ཟབ་དང་ཁ་གསལ་བྱས་ཏེ་ཡུག་གཅིག་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཐོན་པ་བྱེད་དགོས།

    ཚན་རྩལ་གཤམ་སྤེལ་དེ་མང་ཚོཌ་ཀྱི་དང་ལེན་ཐུབ་པ་བྱེད་དགོས། ཚན་རྩལ་གཤམ་སྤེལ་གྱི་གྲུབ་འབྲས་ཆེ་ཆུང་མང་ཚོཌ་ལ་གདེང་འཇོག་བྱེད་དུ་བཅུག་སྟེ་ནང་སེམས་རྒྱུད་དུ་འཇཌ་པ་བྱས་ནས་ཚན་རིག་ཤེས་པ་དང་བེད་སྤྱོད་བྱེད་ཤེས་པའི“རང་ཡུལ་གྱི་རིཌ་གཅིག་མཁས་ཅན”ཁག་གཅིག་དངོས་འབྲེལ་གསོ་སྐྱོང་ཐུབ་པ་བྱེད་དགོས། འདི་ལྟར་བྱས་ན། ཚན་རྩལ་གཤམ་སྤེལ་བྱེད་ཐུབ་པ་མ་ཟད། ད་དུང་ཤང་ནང་དུ་གནས་ཐུབ་པ་དང་གཞི་རིམ་དུ་མཉམ་འདྲེས་ཐུབ་ནས་ཤུཌ་རྐྱེན་ཡུན་རིང་ཐེབས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།