དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ཁྱབ་གདལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-12

    412540_yis_1499420116795.jpg

    འདི་ནི་ཚན་རྩལ་དམངས་ཕྱུག་དང་མཐའ་དར་བོད་བརྟན་གྱི་ཆེད་དོན་རྣམ་གྲངས་ཏེ། ལྷུན་རྩེའི་ནས་སྨུག་པོའི་ཐོན་འབབ་མཐོ་བའི་འདེབས་འཛུགས་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་ཀྱི་ཚན་རྩལ་མི་སྣ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་རྫོང་ཞོལ་གྲོང་ཚོར་ཡོང་ནས་འབྲེལ་ཡོད་ལག་རྩལ་ལ་མཛུབ་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།

    412539_yis_1499420116342.jpg

    འདི་ནི་རྒྱ་ཚ་རྫོང་རྒོད་སྟོད་གྲོང་ཚོར་བཅའ་སྡོད་ལྗོངས་ཞིང་ལས་ཚན་རིག་ཁང་གི་ལས་དོན་རུ་ཁག་གིས་གདན་དྲངས་པའི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་དེ་སྔའི་སྨན་པ་བྱམས་པ་པད་སྒྲོན་གྱིས་རྒན་རྒོན་གྱི་གཟུགས་པོ་བདེ་ཐང་ཡོད་མེད་འདྲི་བའི་གནས་ཚུལ་ཡིན་པ།

    “མཐའ་མའི་འགག་གནད”ཐག་གཅོད་བྱས་པ།

    དེང་རབས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱེད་རིང་ཚན་རྩལ་གཤམ་སྤེལ་བྱ་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཚན་རིག་དང་མཐུན་པའི་འདེབས་གསོ་དང་། གཡོག་བྱེད། གནོད་འཚེ་སྔོན་འགོག་བཅས་ཚང་མ་ནི་ཚན་རྩལ་གཤམ་སྤེལ་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེ་ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་སྤྱད་དེ་ཞིང་འབྲོག་པར་ཞབས་འདེགས་ཞུ་བ་དང་ཞིང་འབྲོག་པའི་ཚན་རིག་དང་རིག་གནས་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། དེང་རབས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ནས་དེ་བས་ཆེ་བ་དང་དེ་བས་རྒྱུན་མཐུད་ཀྱི་ཐོན་སྐྱེད་ནུས་ཤུགས་བཏོད་ཡོད་པ་རེད།

    2016ལོར། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་རང་ངོས་འཛུགས་སྐྲུན་དང་རོགས་སྐྱོར་བརྩོན་ལེན་བྱེད་ཐབས་བརྒྱུད། སློབ་འབྲིང་18ལ་ཚན་རྩལ་ཁང་བསྐྲུན་པ་དང་དགོན་སྡེ་18ལ་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚིགས་བསྐྲུན་པ་དང་། “གནམ་དཔྱད་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོའི་རྟེན་གཞི”1གཏན་འཁེལ་བྱས་ཡོད། ལྗོངས་ནང་ཁུལ་དུ་སྡེ་ཁུལ་གྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚིགས་6བསྐྲུན་ནས་ཚན་རིག་ཁྱབ་གདལ་དཔེ་སྟོན་སྡེ་ཁུལ་11གི་སྒོ་བྱང་བཀལ་བ་རེད།

    ན་ནིང་རང་ལྗོངས་ཀྱི་ཚན་རིག་མཐུན་ཚོགས་ཀྱིས་ད་དུང་ཚན་རྩལ་དྲིལ་བསྒྲགས་ཡིག་རིགས་ཁག་6གསར་སྤེལ་བྱས་པ་དང་དྲིལ་བསྒྲགས་ཡིག་རིགས་ཁག་ཁྲི་1.2བཟོས་ཏེ་བོད་ཡིག་དཔར་མའི《ཞིང་པའི་ཚན་རིག་བྱང་ཚད་ཀློག་དེབ》དང་། 《གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་པའི་ཚན་རིག་བྱང་ཚད་ཀློག་དེབ》 《སྡེ་ཁུལ་གྱི་གྲོང་མིའི་ཚན་རིག་བྱང་ཚད་ཀློག་དེབ》བཅས་དཔེ་དེབ་རིགས་3ཡིག་སྒྱུར་དཔེ་སྐྲུན་གྱི་ལས་དོན་ལེགས་གྲུབ་ཟིན་ནས་བོད་ཡིག་དཔར་མའི་དཔེ་དེབ་ཁྲི་3.66དཔེ་སྐྲུན་བྱས་ཏེ་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་ནུས་ལྡན་རང་བཞིན་དང་གནད་སྨིན་ཐུབ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།

    གཞོན་ནུ་ལོ་ཆུང་གི་ཚན་རིག་དང་མཐུན་པའི་བྱེད་སྒོར་གཡུར་ཟའི་འབྲས་བུ་ཐོབ་པ།

    གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་བཏང་བ་དེས་ལྗོངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་དང་དེ་བཞིན་འབྱུང་འགྱུར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པ་རེད།

    2016ལོར། གཞོན་ནུ་ལོ་ཆུང་ཚོར་ཚན་རྩལ་སློབ་གསོ་དེ་བས་མང་བ་ཐོབ་པ་དང་ཚན་རིག་ཁྱབ་གདལ་བྱེད་སྒོའི་ནང་དེ་བས་མང་བ་ཞུགས་རྒྱུའི་གོ་སྐབས་སྤྲད་དེ་གཞོན་ནུ་ལོ་ཆུང་གིས་ཚན་རིག་སྦྱོང་བའི་སྤྲོ་སེམས་འཕེལ་ཆེད། རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་ཚན་རིག་བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས་སློབ་འབྲིང་སློབ་མའི་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་དང་། སློབ་སྦྱོང་གི་བྱང་ཚད་མཐོ་རུ། ལག་ལེན་གྱི་ནུས་པ་འཕེལ་བ་བཅས་བྱུང་བ་དང་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་31པའི་བྱེད་སྒོའི་ནང་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་བྱ་དགའ་རིམ་པ་གཉིས་པ་4དང་བྱ་དགའ་རིམ་པ་གསུམ་པ་14ཐོབ་ཡོད་པ་རེད།

    སློབ་གྲྭའི་ཚན་རྩལ་ཁང་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱ་ཆེད། སློབ་འབྲིང་གི་ཚན་རྩལ་ཁང་གི་ཚན་རྩལ་དགེ་རྒན་77གསོ་སྦྱོང་བྱས་པའི་ཁྲོད་ལྗོངས་ནང་ཁུལ་གྱི་སློབ་འབྲིང་5ཡི་ཚན་རྩལ་ཁང་གི་ཚན་རྩལ་དགེ་རྒན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ“གྲོང་གསེབ་སློབ་འབྲིང་གི་ཚན་རྩལ་ཁང་གི་ལས་དོན་ལ་ཞིབ་བསྡུར་དང་སྤེལ་རེས་གསོ་སྦྱོང་ཚོགས་འདུའི”ནང་ཞུགས་ཡོད།

    2016ལོའི་ཟླ་7པར། “སྡེ་ཁུལ་དུ་སྐྱོད་པ་དང་། ཚན་རིག་ཁྱབ་གདལ་གྱི་ཞབས་འདེགས་ཞུ་བ། ཏང་ཡོན་གྱི་འདུ་འགོད། མི་སེར་ལ་ཕན་པ་ཐོབ་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི“གངས་ལྗོངས་ཚན་རྩལ་ཁྱབ་གདལ་གྱི་སློབ་ཁང་ཆེ་མོ”ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་དུ་ཁྱབ་སྤེལ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་སློབ་ཚོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་བདེ་ཐང་ཤེས་བྱའི་ཚན་རྩལ་ཁྱབ་གདལ་སྐོར་འཆད་ཁྲིད་དང་འོས་འགན་སྨན་བཅོས་སོགས་བྱས་པ་དང་། གྲོང་མི་ཚོར་རྒྱུན་གཏན་གྱི་བདེ་སྲུང་དང་ནད་ཡམས་སྔོན་འགོག་ཤེས་བྱ་གསལ་འགྲེལ་བྱས་པ། ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་དང་བླངས་པས་སྡེ་ཁུལ་གྱི་གྲོང་མིར་བདེ་ཐང་གི་ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད།

    ན་ནིང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས“གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་འཆར་གཞི”དང་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚིགས་གཏོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ། དགོན་སྡེ་བཅས་སུ་ཚན་རྩལ་ཁྱབ་གདལ་བཏང་ཡོད། དེ་དང་དུས་མཚུངས“ཚན་རྩལ་ཁྱབ་གདལ་གྱི་རིག་གནས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བའི”བྱེད་སྒོ་དང་། “རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང“5·12”གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ། “རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སོགས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོར་ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞི་ཁྲི་2.3ལྷག་ཙམ་སྤྲད་པས་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་4.89ལྷག་ཙམ་ཟིན་ཡོད་པ་རེད།

    གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་གྱིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

    རང་ལྗོངས་ཀྱིས་ཚན་རྩལ་ཁྱབ་གདལ་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཚན་རྩལ་ཁྱབ་གདལ་གྱི་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་ནས་ཞིང་འབྲོག་པའི་དེང་རབས་འཚོ་བའི་རྩལ་ནུས་མཐོ་རུ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་བཏང་བ་དང“གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་འཆར་གཞི”ལག་བསྟར་ནན་ཏན་བྱས་ནས་ཁྱད་ཆོས་ལྡན་ལ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པ་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་པའི་ཆེད་ལས་ལག་རྩལ་མཐུན་ཚོགས་དང་། རྟེན་གཞི། སྡེ་ཁུལ། སྣེ་ཁྲིད་པ་བཅས་ཁག་གཅིག་ལ་བྱ་དགའི་ཁ་གསབ་སྤྲད་པ་རེད།

    གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་གནས་ཚུལ་སྔར་བས་ཁོང་དུ་ཆུད་པ་དང་ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས་དང་། སྐོར་སྐྱོད་ཚན་རྩལ་ཁང་། སློབ་འབྲིང་གི་ཚན་རྩལ་ཁང་། དགོན་སྡེའི་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚིགས་བཅས་ཀྱི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་བྱ་ཆེད། ན་ནིང་ཟླ་5པ་ནས་བཟུང་རང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ས་གནས་ས་ཐོག་གི་དཔེ་འཐེན་ཞིབ་བཤེར་དང་བརྟག་ཞིབ་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ་མ་ཟད་བརྟག་ཞིབ་སྙན་ཞུའང་གྲུབ་ནས་ཚན་རིག་ཁྱབ་གདལ་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།